ཉེ་ཆར་ལྗོངས་ཡོངས་ཀྱི་ཕུལ་བྱུང་ཟློས་གར《ཞང་ཞུང་གི་འབྱུང་ཁུངས།གུ་གེའི་ཤུལ་སྲོལ》ཞེས་པའི་ཟློས་གར་དེ་བོད་ལྗོངས་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་བྱས་པ་རེད།ཟློས་གར་དེ་གླེང་གཞི《ཞང་ཞུང་གི་འབྱུང་ཁུངས》དང་། འཁྲབ་ཚན་དང་པོ《གུ་གེའི་བྲག་ཅ》 འཁྲབ་ཚན་གཉིས་པ《གུ་གེའི་ཤུལ་སྲོལ》 འཁྲབ་ཚན་གསུམ་པ《གུ་གེའི་བཟོ་རྩལ》 མཇུག་སྒྲིལ《གུས་ལུགས》བཅས་སུ་དབྱེ་ཡོད། གླུ་དབྱངས་དང་། ཞབས་བྲོ།སྙན་ངག རི་མོ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ལྟད་མོ་བར་གནའ་བོའི་ཞང་ཞུང་གི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་གུ་གེ་རྒྱལ་རབས་ཀྱི་འོད་སྟོང་འབར་བའི་གཏམ་རྒྱུད་ངོ་མཚར་ཅན་མྱོང་ཚོར་བྱུང་ཡོད།
པར་འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社