ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་མུ་མཐུད་སྤེལ་བ་དང་ཆབས་ཅིག་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་ཡོད། འོན་ཀྱང་གད་སྙིགས་གང་བྱུང་དུ་དབྱུག་པ་དང་། “སྡོམ་དྲ”ལྟ་བུའི་གློག་སྐུད་གང་བྱུང་དུ་འཐེན་པ། འཕྲུལ་སྒུལ་འཁོར་རིགས་གང་བྱུང་དུ་འཇོག་པ། བེད་མེད་དུ་གྱུར་པའི་གློག་ཤིང་རང་སར་འཇོག་པ་སོཊ་མ་རབས་ཀྱི་སྣང་ཚུལ་སྔར་བཞིན་ཐོན་ནས་རང་གྲོང་གི་གཟུཊ་བརྙན་ལ་ཤུཊ་རྐྱེན་ཚབས་ཆེན་ཐེབས་ཡོད།
ཟླ་7ཚེས་23ཉིན་གསར་འགོད་པས་གྲྭ་བཞི་ཤར་ལམ་སྣུར་སྲིང་ལམ་དུམ་དང་ལྕཊ་རོང་བདེ་སྐྱིད་ཁང་གཞིས་ཁུལ་ཆུང་གི་བྱང་ཕྱོཊ་ལམ་མདོ་ནས་འཕྲུལ་སྒུལ་འཁོར་རིཊ་མིན་པའི་རླངས་འཁོར་འཇོག་ས་ཞེས་གསལ་པོར་བཀོད་པའི་ས་ཆར་འཕྲུལ་སྒུལ་འཁོར་རིཊ་མང་པོ་བཞག་ཡོད་པར་མ་ཟད།མི་བགྲོད་ལམ་ཡང་བཀག་པ་དང་འཁོར་གསུམ་རྐང་འཁོར་ཁག་གཅིག་མི་བགྲོད་ལམ་ཐོག་ཏུ་བཞག་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་ལམ་ཐོག་ཏུ་དངོས་ཟོག་སྤུངས་པ་སོགས་བྱས་ནས་རྐང་ཐང་བ་དང་རླངས་འཁོར་ཤར་བགྲོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ་མཐོང་བྱུང་།
དེ་རྗེས་གསར་འགོད་པ་གྲྭ་བཞི་ལམ་ཆུ་བེད་ཐིང་གི་བྱང་ངོས་སྤྱི་གླིང་དུ་སླེབས་སྐབས་ལམ་འགྲམ་དུ་བེད་མེད་དུ་གྱུར་པའི་གློག་ཤིང་ལོང་བའི་བགྲོད་ལམ་གྱི་འགྲམ་དུ་དབྱུགས་ཡོད་པ་དང་། དེ་དང་ཐག་ཉེ་སར་བེད་མེད་དུ་གྱུར་པའི་གློག་ཤིང་ཆག་རོ་ཞིག་ཀྱང་དབྱུགས་ཡོད་པས་མངོན་མེད་ཀྱི་རྐྱེན་ངན་ཆེན་པོ་ལྡན་ཡོད་པ་རེད།
གྲྭ་བཞི་ལམ་གྱི་ཧྲེང་ཁྲེང་མེ་ཏོག་ལྡུམ་རའི་ཤར་ཕྱོགས་སུ་གནས་པའི་ཤར་རླུང་རླངས་འཁོར་ཀུང་སིའི་ལྷ་སའི་ཕྱིར་ཚོང་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་རྒྱལ་སྒོའི་ནང་འཛུལ་མ་ཐག་རི་ལྟར་སྤུངས་པའི་གད་སྙིགས་ནས་དྲི་ངན་འཐུལ་ཞིང་གད་སྙིགས་སྣ་ཚོགས་བསྲེས་ནས་ས་སྟེང་དུ་དབྱུགས་ཡོད་པ་དང་། ཉེ་འགྲམ་དུ་ཡོད་པའི་གད་སྙིགས་སྒམ་སྟོང་པར་བཞག་ཡོད་པ་རེད། དེའི་ཉེ་འཁོར་དུ་ཤིང་སྡོང་སྐམ་པོ་ཁ་ཤས་སྔར་བཞིན་རང་སར་བཞག་ཡོད་ཅིང་། དུས་ཐོག་ཏུ་གཙང་སེལ་བྱས་མེད་པ་རེད།
གཞན་ཡང་བཅར་འདྲི་བྱེད་རིང་གསར་འགོད་པས་ད་དུང“སྡོམ་དྲ”ལྟ་བུའི་གློག་སྐུད་དང་ལམ་ངོས་གཏོར་སྐྱོན་ཤོར་བ་སོགས་ཀྱི་སྣང་ཚུལ་ཤེས་རྟོགས་བྱུང་ཡོད། ཤེས་དཔལ་ནི་གྲོང་ཁྱེར་ཞིག་གི་བདེ་སྐྱིད་ཀྱི་རྨང་གཞི་ཡིན་པས། ཚང་མས་ཐུན་མོང་ཐོག་འབད་བརྩོན་དང་ཐུན་མོང་ཐོག་འཛུགས་གཏོད་བྱེད་དགོས།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社