分享按钮

གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲཊ་ལག་བསྟར་བཅས་བྱེད་པའི་ལས་དོན་བཀོད་སྒྲིག་གནང་བ།

(པར་ངོས་དང་པོར་མཐུད)སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོའི་ཐོག་ནས་ཏང་དོ་དམ་དང་ཏང་བསྐྱངས་ནས་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། 《གཏན་འབེབས》ནང་བཏོན་པའི་སྒྱུར་བཅོས་ཀྱི་ལས་འགན་དེ“ལག་བསྟར་གྱི་འཆར་གཞིར”བསྒྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་ལེན་མཐར་ཕྱིན་བཅས་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཡོངས་སྐུལ་སློང་ཐུབ་པའི་སློབ་སྦྱོང་བགྲོ་གླེང་རེ་བྱས་ཏེ། “གྲོས་གཞི་དང་པོའི”ལམ་ལུགས་ལག་བསྟར་ནན་པོས་ཏང་ཨུད་ཀྱིས་སློབ་སྦྱོང་གི་སྣེ་ཁྲིད་པ་དང་། ཆེད་ལས་མཁས་པས་སློབ་ཁྲིད་བྱེད་པ། ཏང་གི་སློབ་གྲྭས་སློབ་གྲྭ་གཉེར་བ། ཀྲི་པུའུ་ཡིས་སློབ་སྦྱོང་ལ་ཁྲིད་སྟོན་བྱེད་པ། མང་ཚོགས་ལ་སློབ་ཁྲིད་སྤེལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། མགྱོགས་མྱུར་ངང་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས་པ་དང་། ཁྱོན་ཡོངས་ལ་ཁྱབ་པའི་དྲིལ་བསྒྲགས་སྒྲོག་འགྲེལ་གཅིག་བྱས་ཏེ། ནུས་ཤུགས་གང་ཡོད་བཏོན་ནས་སྒྲོག་འགྲེལ་ཚོགས་པ་བཙུགས་ཐོག ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་ཁུངས་དང་། གྲོང་གསེབ། སྡེ་ཁུལ། ཁེ་ལས། སློབ་གྲྭ དགོན་སྡེ། དམག་སྒར་བཅས་སུ“སྤེལ་བ་བདུན”གྱི་བྱེད་སྒོ་སྤེལ་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཤེས་པར་བྱེད་དགོས། ཁྱབ་ཁོངས་ཡོངས་ཀྱི་སྲིད་ཇུས་ཞིབ་འཇུག་ཐེངས་གཅིག་བྱས་ཏེ། 《གཏན་འབེབས》ནང་བཏོན་པའི་སྒྱུར་བཅོས་བྱ་ཐབས་ཁག་300ལྷག་ཙམ་དང་བསྡུར་ནས་ས་ཁུལ་དེ་ག་དང་ལས་རིགས་དེ་གའི་འབྲེལ་མཐུད་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་ནན་ཏན་བྱས་ཏེ། མང་ཚོགས་ཀྱིས་ཚོར་ཐུབ་པའི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་གཙོ་གནད་དུ་བཟུང་ནས་ཇུས་འགོད་བྱེད་དགོས། ཕྱོགས་ཡོངས་ཀྱི་ལག་བསྟར་ཇུས་གཞི་ཞིག་གཏན་འབེབས་བྱས་ཏེ། སྒྱུར་བཅོས་ཀྱི་དཔེ་མཚོན་བྱེད་སྟངས་ཕྱོགས་བསྡོམས་དང་། གཞི་རིམ་གྱི་གསར་གཏོད་ཉམས་མྱོང་བསྡུ་ལེན། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བཅས་བྱས་པ་བརྒྱུད། སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་ཇུས་གཞིའི་འཆར་ཟིན་བཀོད་ནས་གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཡག་པོ་འཚོག་རྒྱུར་གྲ་སྒྲིག་གང་ལེགས་བྱེད་དགོས་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས“ཆ་ཚང་བའི”གྲ་སྒྲིག་གང་ལེགས་བྱས་ཚེ་གཞི་ནས“གནས་ཚུལ”སྔོན་འགོག་དང་གཏན་འགོག་བྱེད་ཐུབ། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མ་མཐའི་མཚམས་ཐིག་གི་བསམ་བློ་དང་མཐར་སོན་གྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ“ངེས་གཏན་མེད་པའི”འབྲུབ་འགོག་གི་འགག་རྩའི་དུས་སྐབས་ལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་། ཆུ་ལོག་སྔོན་འགོག་དང་། ཉེན་ཁ་ཆེ་བ་འགོག་པ། གནོད་འཚེ་ཆེ་བ་ལས་སྐྱོབ་པ་བཅས་ལ་གཞི་ཚུགས་ཏེ་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་དང་། གྲོང་གསེབ་ཀྱི་གཞུང་ལམ། ཟམ་པ། བགྲོད་ལམ། ཁང་པ་རྙིང་པ་དང་ཉེན་ཡོད་ཁང་པ་སོཊ་གཙོ་གནད་ཁག་ལ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་ཆེན་པོ་དང་། བཅོས་སྒྲིག་ཆེན་པོ། མཐིལ་རྟོཊ་ཆེན་པོ་བཅས་ཀྱི་ལས་དོན་སྤེལ་ནས་འབྲུབ་འགོག་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་གནང་བའི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་འཁྱོངས་ཀྱིས་བྱ་ཐབས་གལ་ཆེན་སྤྱད་དེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་ཡོང་བའི་འགན་ལེན་ནུས་ཤུགས་ཡོད་རྒུས་བྱེད་དགོས་པ་དང་། རིམ་པ་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ལས་དོན་གོ་སྐབས་སུ་བཟུང་ནས། དཔལ་འབྱོར་འཕེལ་རྒྱས་དང་། སྤྱོད་ཚུལ་འཛུགས་སྐྱོང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཐད་ཀར་གཞི་རིམ་དང་འཐབ་ཕྱོགས་དང་པོར་སྐྱོད་པ་དང་། འགན་འཁྲི་དང་ལས་འགན་ཐུགས་ལ་བཅངས་ནས་སྐྱོད་པ། གྲུབ་འབྲས་དང་གནད་དོན་ཁྱེར་ནས་ཕྱིར་ལོག་བཅས་བྱས་ཏེ། འཐབ་ཕྱོགས་དང་པོར་གནས་ཚུལ་དངོས་ཁོང་དུ་ཆུད་པ་དང་འཐབ་ཕྱོགས་དང་པོར་ལས་ཀར་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཐད“བརྟན་ཐོག་ལེགས་འཕེལ”གྱི་རྣམ་པ་མངོན་ཡོད་མོད། འོན་ཀྱང་སྔོན་དཔག་དམིགས་ཚད་དང་ད་དུང་ཧེ་བག་ཡོད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་བརྟན་དུ་གཏོང་དགོས་པ་སྟེ། དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། དམིགས་ཚད་ལ་མཐའ་གཅིག་ཏུ་དམིགས་ནས་དུས་སྐབས་ཡག་ཤོས་དང་འགག་རྩའི་དུས་སྐབས་ལ་དམ་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་དང་། ནུས་ཤུགས་ཡོད་རྒུ། མགྱོགས་མྱུར་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་དམིགས་ཚད་ལེགས་འགྲུབ་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས། དམིགས་ཚད་ལ་དམ་འཛིན་ནན་པོ་བྱེད་དགོས་པ་སྟེ། དུས་བཀག་བསྐྱར་ཞིབ་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས། དམིགས་ཚད་ལེགས་འགྲུབ་བྱུང་ཚུལ་ཐད་རེ་རེ་བཞིན་དབྱེ་ཞིབ་དང་། དམིགས་ཚད་རྗེས་ལུས་ཐེབས་པའི་རྒྱུ་རྐྱེན་རེ་རེ་བཞིན་ཞིབ་འཇུག མིགས་ཚད་མཐོར་འདེགས་ཀྱི་བྱ་ཐབས་རེ་རེ་བཞིན་འདོན་པ་བཅས་བྱས་ཏེ། དགེ་མཚན་ལྡན་པའི་དམིགས་ཚད་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་རྗེས་ལུས་ཐེབས་པའི་དམིགས་ཚད་ཐད་ཡར་ཐོན་ཡོང་བར་བྱེད་དགོས།ཞན་ཆར་དབྱེ་ཞིབ་བྱེད་དགོས་པ་སྟེ། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་དང་། དཔལ་འབྱོར་དམིགས་ཚད་དང་། རྣམ་གྲངས་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་འགག་རྩའི་ཁྱབ་ཁོངས་ལ་དོ་སྣང་གིས་ཞན་ཆ་དང་མི་འདང་ས་འཚོལ་ཞིབ་དང་། གནད་དོན་གྱི་ཧེ་བག་གནད་ལ་འཕིགས་པོས་འཚོལ་བ། དངོས་སྒྲུབ་བྱ་ཐབས་ཇུས་འགོད་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ཆེར་གཏོང་དགོས། སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་སྟེ།“རྣམ་གྲངས་གཙོ་བོ་ཡིན་པའི”འདུ་ཤེས་བརྟན་དུ་བཏང་ནས་གསར་དུ་འཕར་བའི་རྣམ་གྲངས་དེ་འཕར་སྣེ་གསར་པར་བརྩིས་ནས་ཕན་ཡོད་ཀྱི་གོ་སྐབས་མཐའ་དག་དམ་འཛིན་དང་ཕན་ཡོད་ཀྱི་ཆ་རྐྱེན་མཐའ་དག་བེད་སྤྱོད་བྱས་ཏེ། རྣམ་གྲངས་ཆེ་གྲས་དང་རྣམ་གྲངས་བཟང་པོ་ཁག་གཅིག་ཇུས་འགོད་ཧུར་ཐག་བྱེད་དགོས། དཔྱད་ཞིབ་ནན་པོ་དང་ལྟ་སྐུལ་དངོས་བྱེད་དགོས་པ་སྟེ། ཨང་རིམ་ལམ་ལུགས་དང་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཕྱོགས་བསྡུས་ཨང་རིམ་དང་། རྩིས་ཐོ་ཡོངས་བསྒྲགས། བྱ་དགའ་ཆད་གཅོད་མངོན་འགྱུར་བཅས་བྱས་ནས་འགན་འཁྲི་དོན་འཁྱོལ་དང་ལས་དོན་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 6 6 拉萨日报藏文 c185062.html 1 གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲཊ་ལག་བསྟར་བཅས་བྱེད་པའི་ལས་དོན་བཀོད་སྒྲིག་གནང་བ། /enpproperty-->