(པར་ངོས་གཉིས་པར་མཐུད)“ཞིབ་དཔྱོད་ཀྱིས་དམངས་འཚོར་སྲུང་སྐྱོབ”དང“ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོབ”སོགས་ཀྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ནས“ཡིག་སྐུར། ངོ་གཏུག དྲ་སྦྲེལ།ཁ་པར”བཅས་ཀྱི་ཐབས་ལམ་མང་པོ་འཐུས་ཚང་དུ་བཏང་ནས་ཞིབ་དཔྱོད་ཀྱིས་ཁེ་ལས་ལ་སྲུང་སྐྱོབ་བྱེད་པའི་ལས་གནས་དང་། བུད་མེད་དང་བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ལས་གནས་གསར་དུ་བཙུགས་པ། “གཅིག་འཐུས་རྣམ་པའི”ཕྱོགས་བསྡུས་རང་བཞིན་གྱི་ཞིབ་དཔྱོད་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་རེ་ཞུ་དུས་གཅིག་ཏུ་བདག་སྤྲོད་དང་།མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར་གྱི་གྱོད་གཞི་ཞིབ་གཅོད་དང་ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ།སྟོབས་ཤུགས་གཅིག་བསྡུས་དང་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས་རིགས་དབྱེ་ཐག་གཅོད་བྱེད་པ།དོན་དག་བདག་སྤྲོད་དང་། མང་ཚོགས་ཀྱི་ཡིག་སྐུར་ངོ་བཅར། ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་བཅས་དོན་རེར་ཡིག་ཚགས་རེ་དང་ཡང་ན་གྱོད་གཞི་རེར་ཡིག་ཚགས་རེ་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་བརྒྱུད་རིམ་སྔར་བས་རྩད་གཅོད་ཐུབ་པ་དང་མཇུག་འབྲས་ཞིབ་བཤེར་ཐུབ་པར་བྱས་ནས་དོན་ཐག་ཚང་མར་ལན་བཏབ་ཡོད།
ཞིབ་དཔྱོད་ཀྱི་རྣམ་པ་གསར་པ་བཏོད་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”དེ་འགན་འཁྲི་སྒྲུབ་པ་དང་གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་འདྲེས་ཏེ་མི་དམངས་མང་ཚོཊ་ལ་མྱོང་ཚོར་ཐུབ་པ་དང་། ཕན་པ་དངོས་ཐོབ་པའི་ཞིབ་དཔྱོད་ཀྱིས་དམངས་འཚོར་སྲུང་སྐྱོབ་ཡག་པོ་བྱས་ཡོད།འདི་ལོའི་ཟླ་1པོ་ནས་ཟླ་6པའི་བར་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་དོན་གཏུག་བཤེར་ལྟ་སྐུལ་གྱོད་གཞི་33དང་། ཉེས་དོན་ཞུ་གཏུག་གྱོད་གཞི་2 གྱོད་དོན་ཐོ་འགོད་ལྟ་སྐུལ་གྱོད་གཞི་8བདག་སྤྲོད་བྱས་པ། ཞིང་པ་ལས་མིའི་ཁེ་དབང་དང་འབྲེལ་བ་ཡོད་པའི་རྒྱབ་སྐྱོར་ཞུ་གཏུག་གྱོད་གཞི་33བདག་སྤྲོད་བྱས་པ་བཅས་ཀྱི་ནང་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པའི་གྱོད་གཞི་31ཡོད་པ་དང་ཁྱོན་ཞིང་པ་ལས་མིའི་གླ་ཆ་སྒོར་ཁྲི་464.5963ལེན་རོགས་རམ་བྱས་ཡོད་པ་རེད། ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ། འདི་ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་གྱོད་གཞི་16དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི་37སྤྲད་པའི་ནང་གྲོང་གསེབ་ས་ཁུལ་གྱི་དཀའ་ངལ་ཡོད་པའི་དོ་བདག་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིའི་མི་11ལ་རོགས་སྐྱོབ་བྱས་པ་རེད།
རང་འགུལ་ངང་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པའི་མཐའ་མའི་འགག་གནད་ཤར་གཏོང་བྱས་པ། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་འགན་ནུས་མང་ཚོགས་ཀྱི་སྒོ་འགྲམ་དུ་སྣུར་སྲིང་ཏན་ཏིག་བྱས་ཏེ། སྙེ་མོ་རྫོང་བྲག་སྐོར་ཤང་བྲག་སྐོར་གྲོང་ཚོ་དང་བོང་ཁང་གྲོང་ཚོ། གཞུ་སྨད་ཤང་ཧོ་ཏུང་གྲོང་ཚོ་བཅས་སུ་བཅའ་ཁྲིམས་བློ་འདྲིའི་ཁང་བཙུགས་ནས“ཞིབ་དཔྱོད་+གྲོང་གསེབ”མཉམ་འདྲེས་རྣམ་པའི་ཞབས་ཞུར་བརྟེན་ནས“ཞིབ་དཔྱོད་+མངགས་སྐྱེལ”གྱི་རྗེས་སྙེག་རྣམ་པའི་ཞབས་ཞུ་རྒྱ་ཆེར་བཏང་བ་དང་།“ཁྲིད་སྟོན་+དྲིལ་བསྒྲགས”ཀྱི་རང་འགུལ་རྣམ་པའི་ཞབས་ཞུ་རྒྱ་ཆེར་བཏང་བ།“གྲོང་ཚོར་བཅའ་སྡོད་ཀྱིས་དུད་ཚང་དུ་བཅར་འདྲི་དྲིལ་བསྒྲགས་+འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་དང་གཤམ་སྐྱོད་དྲིལ་བསྒྲགས”ཀྱི་ལས་དོན་སྤེལ་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བ།རྒྱུན་རྣམ་ཅན་གྱི་སྒོ་ནས་འགལ་བ་དང་རྩོད་གཞི་སེལ་བ་དང་།ཁྲིམས་སྐྱོང་དྲིལ་བསྒྲགས།གཏུག་བཤེར་འབྱུང་ཁུངས་བཅོས་སྐྱོང་སོགས་ཀྱི་ལས་དོན་སྤེལ་བས་ལྷ་སའི་ཞིབ་དཔྱོད་ཀྱི་ཁྱད་ཆོས་ལྡན་པའི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་ལས་ཀའི་རྣམ་པ་རིམ་བཞིན་ཆགས་ཡོད། 2023ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་12309ཞིབ་དཔྱོད་ཞབས་ཞུ་ལྟེ་གནས་བཅའ་ཁྲིམས་བློ་འདྲི་ཁང་གིས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་། གཤམ་སྐྱོད་བཅར་འདྲི། སྐད་འཕྲིན་གྱི་ཐོག་ནས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཞིབ་དཔྱོད་ཞབས་ཞུ་ཐེངས་96མཁོ་འདོན་བྱས་ཡོད་པ་རེད། དེ་དང་ཆབས་ཅིག“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་ལམ་ལུགས་དམ་འཛིན་གལ་ཆེན་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་སོགས་དང་ཟུང་འབྲེལ་བྱས་ནས་ལས་ཀ་ཁག་156ལ་གཞོགས་འདེགས་བྱས་ཏེ་འགལ་བ་དང་རྩོད་གཞི་ཁག་63ཐག་གཅོད་བྱས་པ་རེད།
རྗེས་མར་རང་གྲོང་གི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མུ་མཐུད་ལག་ལེན་བསྟར་ནས་དོན་དངོས་དང་།གོ་རིམ། བཅའ་ཁྲིམས་སྤྱད་འཐུས་བཅས་ཀྱི་འགག་སྒོ་བརྟན་པོ་སྲུང་བ་དང་།དོན་དངོས་རྩད་གཅོད་གསལ་པོ་དང་། བཅའ་ཁྲིམས་སྤྱད་འཐུས།འགལ་བ་སེལ་བ་བཅས་ཀྱི་ཐད་འབད་བརྩོན་བྱས་ནས་ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྩ་བ་ནས་མཐོ་རུ་གཏོང་རྒྱུ་དང་། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དྲང་གཞག་དྲང་བདེན་གྱི་ཚོར་སྣང་ཡོང་རྒྱུར་འབད་བརྩོན་བྱེད་རྒྱུ། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་ཞིབ་དཔྱོད་ལས་དོན་གྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་རྒྱུ། བྱས་རྗེས་གསར་པ་འཇོག་པ་དང་འགན་འཁྲི་གསར་པར་བརྟེན་ནས་ལྷ་སའི་ཞིབ་དཔྱོད་ལས་དོན་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社