(པར་ངོས་དང་པོར་མཐུད)མིག་སྔར་ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཚང་མར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཚ་རླབས་འཕྱུར་བཞིན་ཡོད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་སྣེ་ཁྲིད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་སའི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་བསྣན་དགོས་པ་དང་། ལོ་སྨད་ཀྱི་ལས་དོན་ལ་དམ་འཛིན་ནན་ཏན་བྱས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། གནད་དོན་གྱི་ཁྲིད་སྟོན་དང་གྲུབ་འབྲས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་ལོ་སྨད་ཀྱི་ལས་དོན་ལས་འགན་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ལོ་ཧྲིལ་པོའི་ལས་ཀའི་དམིགས་ཚད་དང་ལས་འགན་སྤུས་འབོར་གཉིས་ཀར་འགན་ལེན་ཡོད་པའི་ཐོག་ནས་ལེགས་འགྲུབ་བྱེད་དགོས་པ། དམངས་དོན་གྱི་བརྩེ་སེམས་མཐའ་འཁྱོངས་དང་ཁྲིམས་ལྟར་འགན་འཁྲི་ཁུར་ནས་ལྷ་སའི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཀྲང་ཡུང་ལིན་དང་། ཀྲེང་ཝེ་གོ། ཕེང་ཧྥེ་ཡུའེ། ཟླ་བ། ཚེ་རིང་དོན་གྲུབ། འཕྲིན་ལས་དར་རྒྱས། པ་སངས་རྡོ་རྗེ། ཀའོ་ཅུན་བཅས་ཚོཊ་འདུར་ཞུགས་པ་རེད། ལི་ཧྲི་རུང་དང་མིག་དམར་བསྟན་འཛིན་དང་དེ་བཞིན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་གྲོང་ཁྱེར་ཐད་གཏོཊ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོཊ་ཚོཊ་འདུར་ཟུར་ཞུཊ་གནང་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社