分享按钮

གདོང་དཀར་སྡེ་ཁུལ་གྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་ཡོན་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་བསྟན་འཛིན་དབང་མོས་གོ་སླ་བའི་སྐད་ཆའི་ཐོག་ནས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་དང་། དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་གྱི་རྩོད་གཞི། སྡོད་ཁང་མཛེས་བཟོའི་གན་རྒྱའི་རྩོད་གཞི་སོགས་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་བཏང་བ་དང་འབྲེལ་ཉེ་བའི་ལོ་འགའི་རིང་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་གྱོད་དོན་གཙོ་བོའི་རིགས་དང་། ཁྱད་ཆོས། གྱོད་དོན་ཞིབ་གཅོད་བྱེད་པའི་ཁྲོད་ཀྱི་གནད་དོན་དང་ཟུང་འབྲེལ་བྱས་ནས་འགྲེལ་བཤད་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རང་རྟོགས་ངང་ཁྲིམས་ལུགས་སྦྱོང་བ་དང་། ཁྲིམས་ལུགས་སྲུང་བ། ཁྲིམས་ལུགས་སྤྱོད་པ་བཅས་བྱེད་པའི་ཐད་ཁྲིད་སྟོན་བྱས་པར་དྲིལ་བསྒྲགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད།

སྒྲོག་འགྲེལ་མཇུག་བསྒྲིལ་རྗེས་སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཐེངས་འདིའི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་བྱེད་སྒོས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་བཅའ་ཁྲིམས་ཤེས་བྱར་དམིགས་སའི་རང་བཞིན་ལྡན་པའི་དབྱེ་ཞིབ་དང་འགྲེལ་བཤད་བརྒྱབ་ཡོད་པས། མང་ཚོགས་ཀྱི་འཚོ་བ་དངོས་དང་མཐུན་ཡོད་ལ། མང་ཚོགས་ཀྱི་དོ་ཁུར་བྱེད་སར་ལན་བཏབ་ཡོད། དེས་མང་ཚོགས་ལ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ་ཤེས་ཐུབ་པ་བྱུང་ཡོད་ཅེས་བཤད། ཕྱིས་འབྱུང་། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ། བཅའ་ཁྲིམས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཐད་སྔར་བས་ཤུགས་སྣོན་བརྒྱབ་ཐོག འགལ་བ་དུས་ཐོག་ཏུ་བསལ་ཏེ། མང་ཚོགས་ཀྱིས་ཁྲིམས་བཞིན་ལས་དོན་སྒྲུབ་པ་དང་། ཁྲིམས་བཞིན་གནད་དོན་ཐག་གཅོད་བྱེད་པ། ཁྲིམས་བཞིན་འགལ་བ་སེལ་བ་བཅས་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་རྒྱུ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 6 6 拉萨日报藏文 c185058.html 1 གདོང་དཀར་སྡེ་ཁུལ་གྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ། /enpproperty-->