ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་23ཉིན་གྱི་ཕྱི་དྲོར་སྟག་རྩེ་ཆུས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་པ་དང་འབྲེལ་འབྲེལ་ཡོད་ཀྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
ཚོགས་འདུའི་ཐོག སྟག་རྩེ་ཆུས་ཨུད་ཀྱི་འགོ་ཁྲིད་གཙོ་བོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གསལ་འགྲེལ་གནང་བ་དང་། སློབ་སྦྱོང་གི་གལ་ཆེའི་རང་བཞིན་བསྟན་ཞིང་། ཤང(གྲོང་རྡལ)ཁག་དང་སྡེ་ཚན་ཁག་གིས་མགྱོགས་མྱུར་སློབ་སྦྱོང་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཏང་ཡོན་ལས་བྱེད་པ་ཚང་མར་བརྒྱུད་བསྒྲགས་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོཊ་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་།སྟག་རྩེ་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
སྟག་རྩེ་ཆུས་ཨུད་གཞུང་དོན་ཁང་གི་ཀྲུའུ་རེན་ཧུའུ་ཡུང་ཀྲི་ཡིས་ཕྱིས་འབྱུང་ངས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་དུས་མཚུངས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་རྒྱུ་ཡིན། ང་ཚོས་ད་ཐེངས་ཀྱི་སློབ་སྦྱོང་འདི་གོ་སྐབས་སུ་བྱས་ཏེ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་ཏན་ཏིག་དང་ཞིབ་ཕྲའི་ངང་བསྒྲུབ་རྒྱུ་ཡིན། “བྱ་སྤྱོད་ཆེན་པོ་གསུམ”དམ་འཛིན་བྱ་གཞིར་བྱས་ཏེ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་དང་མཉམ་འདྲེས་གང་ལེགས་བྱས་ཐོག སྟག་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་དེ་བས་ལེགས་པ་དང་དེ་བས་མགྱོགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།
སྟག་རྩེ་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཕེ་ཞའོ་ལུང་གིས་ཕྱིས་འབྱུང་ང་ཚོས་བདེ་ཐང་གི་སྟག་རྩེའི་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམིགས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་འགྱུར་བ་མེད་པར་མཐའ་འཁྱོངས་བྱེད་པ། རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་འདྲེས་རྒྱ་ཆེར་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་བ། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱ་རྒྱུ་ཡིན་ལ།རྫོང་ཁོངས་སྨན་བཅོས་ཞབས་ཞུའི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་།རྫོང་དང་ཤང་གི་སྨན་བཅོས་སྒྲིག་གཞི་གཞི་གཅིག་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ“གཞི་རིམ་དུ་ཐོག་མར་སྨན་བཅོས་དང་།ཕྱོགས་གཉིས་ནས་སྨན་བཅོས།ཛ་དྲག་ཞན་དབྱེ་ནས་སྨན་བཅོས། གོང་འོག་མཉམ་འགུལ”བཅས་ཀྱི་གོ་རིམ་ལྡན་པའི་སྨན་བཅོས་རྣམ་པ་དངོས་སུ་བསྐྲུན་ནས་མང་ཚོགས་ཀྱི“སྨན་བཅོས་བྱེད་དཀའ་བ་དང་སྨན་རིན་མཐོ་བའི”གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社