分享按钮

འཕྲོད་བསྟེན་གྱི་གནད་དོན་བསལ་ནས་གཙང་ཞིང་གྲལ་འགྲིག་པའི་ཁོར་ཡུག་བཏོད་པ།

ཉེ་ཆར། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གཙང་རལ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་ལས་ཁུངས་ཀྱི་ཏང་ཀྲི་པུའུ། སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་བཅས་ཀྱིས་མཉམ་དུ་ལས་ཐོག་ཏང་ཡོན་དང་དྲ་མིག་ལས་དོན་པ་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་པ།གཉིས་ལྡན་དུད་སྦྲེལ་གྱི་དུད་དཔོན་བཅས་ཁྱོན་མི་60་ལྷག་ཙམ་སྒྲིག་འཛུགས་བྱས་ནས།གཙང་རལ་རི་མགོ་ཕུག་ལམ་དང་ཁྲེང་ཀོན་མེ་ཏོག་ལྡུམ་ར་Cཁུལ་གྱི་སྲང་ལམ་སོགས་སུ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བ་རེད།བྱ་སྤྱོད་སྤེལ་རིང་ཚང་མས་ལག་ཏུ་གད་སྙིགས་ཁུག་མ་དང་ཕྱགས་མ་སོགས་འཁྱེར་ནས་འགྱིག་ཤོག་དང་། འཛུཊ་སྐྲུན་གྱི་གད་སྙིགས།འཚོ་བའི་གད་སྙིགས་སོགས་གཙང་མར་ཕྱགས་པ་རེད།

པར་འདི་ནི་བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་ཡིན།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 6 6 拉萨日报藏文 c185057.html 1 འཕྲོད་བསྟེན་གྱི་གནད་དོན་བསལ་ནས་གཙང་ཞིང་གྲལ་འགྲིག་པའི་ཁོར་ཡུག་བཏོད་པ། /enpproperty-->