ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོར་པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་སྔོ་སྒྱུར་ཅུས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པས་ལྷ་སར་ཁ་གཏད་རོགས་སྐྱོར་གྱི་གསོ་སྦྱོང་དེ་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་སུ་འགོ་བཙུགས་པ་རེད། པེ་ཅིང་ནས་ཡོང་བའི་སྐྱེད་ཚལ་སྔོ་སྒྱུར་རིགས་གཅིག་མཁས་ཅན་7གྱིས་ཉིན་གཉིས་ནང་ལྷ་ས་གྲོང་ཁྱེར་གྱི་སྐྱེད་ཚལ་སྔོ་སྒྱུར་གྱི་འབྲེལ་ཡོད་ཚན་པ་དང་མི་སྣར་ཆེད་དོན་སློབ་ཁྲིད་བྱ་རྒྱུ་རེད།
ད་ཐེངས་ཀྱི་གསོ་སྦྱོང་དེ་རྩལ་ནུས་འཆད་ཁྲིད་དང་ལག་ལེན་བཀོལ་སྤྱོད་གཉིས་སུ་དབྱེ་ཡོད་པ་དང་ནང་དོན་ནང་རྒྱ་སེའི་མེ་ཏོག་གི་སྣ་ཁ་གདམ་གསེས་དང་སོན་འདུལ་སྦྱོང་།ཡལ་བཞུར་རྒྱག་པ། ནད་འབུ་འགོག་བཅོས།གྲོང་ཁྱེར་གྱི་སྔོ་ལྗང་ཁུལ་ཇུས་འགོད་སོགས་ཚུད་ཡོད།རིགས་གཅིག་མཁས་ཅན་ཚོས་གོ་སླ་བའི་འགྲེལ་བཤད་གནང་བ་དེས་སྦྱོང་བརྡར་ནང་ཞུགས་མཁན་ཚོས་རྩི་ཤིང་བདག་སྐྱོང་གི་གནད་འགག་ཁོང་དུ་ཆུད་པ་དང་། སྐྱེད་ཚལ་བདག་སྐྱོང་དོ་དམ་ལས་དོན་ལ་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་མཁོ་འདོན་བྱས་ཡོད།
གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ལི་ལིས་རིགས་གཅིག་མཁས་ཅན་ཚོགས་པ་ཕེབས་པ་དེས་ལྷ་སའི་སྐྱེད་ཚལ་སྔོ་སྒྱུར་ལས་དོན་ལ་རྩ་ཆེའི་ཉམས་མྱོང་སྦྱིན་པར་མ་ཟད། ལྷ་ས་དང་པེ་ཅིང་དབར་གྱི་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་ལ་དེ་བས་སྐུལ་མ་ཐེབས་ཡོད། ད་ཐེངས་ཀྱི་རིགས་གཅིག་མཁས་ཅན་ཚོས་བློ་རྩེ་གཅིག་སྒྲིམ་ངང་གསོ་སྦྱོང་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་སྐྱེད་ཚལ་སྔོ་སྒྱུར་ལས་དོན་ལ་གྲུབ་འབྲས་དེ་བས་མངོན་གསལ་དོད་པོ་ཐོབ་ནས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社