(པར་ངོས་དང་པོར་མཐུད)སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་དགོས་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་། དེ་བཞིན་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བརྗོད་བྱ་གཙོ་བོ་དང་། རྩ་དོན་གལ་ཆེན། བྱ་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པར་བྱས་ཏེ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་ཆེ་རུ་གཏོང་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ལེགས་པར་བྱེད་པར། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རྣམས་ཏང་ཡོངས་ཀྱིས་ངེས་པར་དུ་དམ་པ་དོན་གཉེར་གྱིས་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་དང་། སྒྲུབ་ཕོད་སྒྲུབ་མཁས་ཀྱིས་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་དགོས་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་རང་རྟོགས་ཆེ་རུ་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་བྱེད་པར་འཆར་འགོད་ལ་མཐོང་ཆེན་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་དམ་འཛིན་ལེགས་པར་བྱེད་དགོས་པས། གཟེར་འདེབས་ཀྱི་སྙིང་སྟོབས་དར་འཕེལ་གཏོང་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་པ་བཙུགས་ནས་ལག་ལེན་བསྟར་བ། གནས་ཚུལ་དངོས་ལ་རྟོག་ཞིབ། བྱ་ཐབས་དངོས་འདོན་པ། ཕན་འབྲས་དོན་གཉེར་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དོར་དགོས། ཁྱི་ལ་སེང་གེའི་མིང་འདོགས་པའི་ལས་ཀ་དང་དམངས་དུབ་རྒྱུ་ཟད་ཀྱི་ལས་ཀ་གཏན་ནས་སྤེལ་མི་ཆོག”ཅེས་ནན་གསུངས་གནང་ཡོད། དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་ཡིན་ལ། འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཞིབ་བསྡུར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཀྱང་ཡིན་པས། ལག་བསྟར་ཇུས་གཞི་ཡག་པོ་བཟོས་ཏེ། གནད་ལ་འཁེལ་བའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱེད་པ་དང་། དུས་དང་འཚམ་ཞིང་ཚད་དང་རན་པར་བྱེད་པ། ནུས་ཤུགས་ཡོད་རྒུས་སྒྲུབ་པ། ནུས་པ་ལྟར་སྒྲུབ་པ་བཅས་བྱེད་དགོས་པ་ལས། དོན་དངོས་དང་ཁ་གཏན་ནས་འབྲལ་མི་རུང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་བྱ་དགོས། མ་ཟད་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ལས་བྱེད་པའི་གསར་གཏོད་ཡར་བརྩོན་དང་བྱ་གཞག་གསར་གཏོད་ལ་སྐུལ་མ་བཏང་ནས་ཏང་ཀྲུང་དབྱང་གི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས།
ངོས་འཛིན་གཅིག་མཐུན་ནི་མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་ཡིན་པས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་ངེས་པར་དུ་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། སེམས་ཕྱོགས་གཅིག་ལ་བསམ་བློ་གཏོང་བ་དང་། ཁ་ཕྱོགས་གཅིག་ལ་ཤུགས་སྒྲིལ་དགོས། མི་དམངས་མང་ཚོགས་ཀྱི་སྟོབས་ཤུགས་ནི་འཛད་མཐའ་མེད་པ་ཞིག་ཡིན་པར་མ་ཟད། བློ་གྲོས་ཀྱང་མཐའ་ཡས་པ་ཞིག་ཀྱང་ཡིན་པས། བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་སུ་ལེགས་པར་སྐྱོད་པ། དགོས་མཁོ་འདྲི་རྩད་དང་ཐབས་ཇུས་དམངས་ལ་འདྲི་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་འཇུག་སྒོ་ཡང་དག་འཚོལ་རྒྱུར་མཐོང་ཆེན་བྱེད་པ། མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་དང་ངོས་འཛིན་གཅིག་མཐུན་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། དམངས་གཙོ་དར་འཕེལ་དང་བློ་བསྡུས་དགེ་འཚོལ་མཐའ་འཁྱོངས་བྱས་ཏེ། སྒྱུར་བཅོས་ཀྱི་ཐབས་ཇུས་ཚན་རིག་རང་བཞིན་མཐོ་རུ་དང་། སྒྱུར་བཅོས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་དང་། སྒྱུར་བཅོས་ལ་འཛིན་པའི་ངོས་འཛིན་སྔར་ལས་གཅིག་མཐུན་ཡོང་བ། གྲུབ་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་འདོད་བློ་ཁེངས་ཚད་ལ་བརྟེན་ནས་སྒྱུར་བཅོས་ལ་ཞིབ་བཤེར་བཅས་བྱས་ན། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ངེས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་རྒྱུའི་དུས་རབས་ཀྱི་དུང་བརྡ་བཏང་ཡོད་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཟབ་མོ་རྟོགས་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ། གསར་གཏོད་ཡར་བརྩོན་བཅས་བྱས་ན། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བྱས་རྗེས་ངོ་མཚར་ཅན་འཇོག་ཐུབ་ངེས་ཡིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་འབྱོར་བའི་གློག་འཕྲིན)
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社