(པར་ངོས་དང་པོར་མཐུད)ལོ་ངོ་40ཡི་རིང་ཐོག་མཐའ་བར་གསུམ་དུ་ཀུང་སིའི་འཕེལ་རྒྱས་ཐད་དོ་ཁུར་བྱེད་བཞིན་ཡོད། རང་ནུས་ཁོ་ནར་བརྟེན་ནས་བཙུགས་པའི་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིར་ད་ཆ་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་བྱུང་བ་མཐོང་དུས་ང་རང་དགའ་པོ་བྱུང་ལ་བློ་ཡང་བདེ་པོ་བྱུང་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག ཁྱེད་ཚོས་ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། བསྒྱུར་བཅོས་གསར་གཏོད་རྒྱུན་འཁྱོངས་བྱེད་པ། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཐིག་བརྟན་པོ་སྲུང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཐོག དམངས་སྤྱོད་མཁའ་འགྲུལ་ལས་རིགས་སྤུས་མཐོའི་གོང་འཕེལ་དང་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་དུ་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད།
ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སི་ནི་1984ལོའི་ཟླ་7པར་བཙུགས་ཤིང་། རང་རྒྱལ་གྱི་དེང་རབས་ཅན་གྱི་ཁེ་ལས་ལམ་ལུགས་ལྟར་གཉེར་སྐྱོང་བྱེད་པའི་མཁའ་འགྲུལ་ཀུང་སི་ཐོག་མ་དེ་ཡིན། ཞ་མོན་དུ་ཕྱག་ལས་གནང་རིང་། ཞི་ཅིན་ཕིང་སྐུ་ངོ་མས་ཐོག་མའི་གསར་འཛུགས་དུས་རིམ་གྱི་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིར་དཀའ་གནད་མང་པོ་མཐུན་སྦྱོར་ཐག་གཅོད་གནང་མྱོང་བ་མ་ཟད། ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིའི་བསྒྱུར་བཅོས་གོང་འཕེལ་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་མཛུབ་སྟོན་གནང་བཞིན་ཡོད། མིག་སྔར། ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་མཁའ་འགྲུལ་ལམ་ཐིག་400ཙམ་ཡོད་པ་དང་། ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མིའི་ཐེངས་ཁྲི་4000ལ་ཉེ་བ་ཟིན་པ། དེ་སྔ་བདེ་འཇགས་འཕུར་བསྐྱོད་ཀྱི་སྐར་ལྔའི་བྱ་དགའ་དང་ཀྲུང་གོའི་སྤུས་ཚད་བྱ་དགའ་སོགས་ཀྱི་གཟི་བརྗིད་ཐོབ་མྱོང་ཡོད། ཉེ་དུས། ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ལས་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀུང་སི་བཙུགས་ཚུན་གྱི་ལོ་ངོ་40ལྷག་གི་རིང་བསྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་སྙན་སེང་ཞུས་ཡོད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་བློ་རྩ་བརྟན་པོས་བསྒྱུར་བཅོས་བྱས་ཏེ། འབད་བརྩོན་ཆེན་པོས་ཀུང་སི་སྟོབས་ཆེ་དང་སྤུས་ལེགས་ཤིག་ཏུ་བསྐྲུན་རྒྱུ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་མཉམ་འདྲེས་གོང་འཕེལ་ལ་རོགས་འདེགས་ཧུར་ཐག་ཞུ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社