分享按钮

(པར་ངོས་དང་པོར་མཐུད)ལེགས་གྲུབ་བྱས་པ་དང་ལས་འགན་ཁ་གསལ་ཡིན་པ་ངོ་སྤྲོད་བྱས་ཡོད།

སློབ་བསྡུ་བྱ་ཡུལ་དུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན།རྒྱུགས་སྤྲོད་སློབ་མ།དེ་བཞིན་ཁྱིམ་བདག་བཅས་ཀྱིས་ལྗོངས་ནང་ཁུལ་དང་བོད་ལྗོངས་འཛིན་གྲྭར(སློབ་གྲྭ)སློབ་མ་བསྡུ་ཚུལ་གསན་པ་སོགས་བྱས་ཏེ།བོད་ནང་ཁུལ་དུ་སློབ་བསྡུའི་འཆར་གཞི་དང་། ཡིག་ཚགས་གཏོང་སྤྲོད། འཆར་གཞི། ཞིབ་བཤེར། ལྟ་སྐུལ། ཞབས་ཞུ་སོཊ་ལས་ཀའི་བརྒྱུད་རིམ་ཤེས་རྟོགས་བྱས་པ་དང་། རྒྱུཊ་སྤྲོད་སློབ་མའི་འཐུས་མིས་ཀྱང་ཡུལ་དངོས་སུ་རང་ཉིད་སློབ་གྲྭ་གང་དུ་ཚུད་མིན་བལྟས་པ་རེད།

ཚང་མས་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་དེས་མཐོ་སློབ་སློབ་བསྡུའི་ལས་དོན་གྱི་ཁ་གསལ་ཚད་སྔར་བས་མཐོ་རུ་བཏང་བ་དང་།རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་བློ་འདྲིའི་ཐབས་ལམ་ཕུན་སུམ་ཚོགས་སུ་བཏང་བ། ཞབས་ཞུའི་ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས།སློབ་བསྡུའི་མི་སྣའི་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པའི་ལས་ཀའི་སྤྱོད་ཚུལ་མྱོང་ཚོར་ཟབ་མོ་བྱུང་། གཟབ་ནན་དང་ཚད་ལྡན་གྱིས་ཡིག་ཚགས་གཏོང་སྤྲོད་སོགས་བྱེད་པའི་ཞབས་ཞུས་རྒྱུགས་སྤྲོད་སློབ་མའི་བློ་བདེ་པོ་ཡོང་རྒྱུ་རེད་ཅེས་བཤད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 6 6 拉萨日报藏文 c185053.html 1 /enpproperty-->