分享按钮

གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(ཚོང་ཚོགས)སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་24ཉིན། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(ཚོང་ཚོགས)སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་མི་དོན་གྱི་དོན་ཚན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་2024ལོའི་ལོ་སྟོད་ཀྱི་ལས་དོན་ལ་ཕྱོགས་བསྡོམས་དང་ལོ་སྨད་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

སྐལ་བཟང་ཚེ་བརྟན་གྱིས་གསུངས་དོན། ཐེངས་འདིར་ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མི་དོན་ལེགས་སྒྲིག་བྱས་པ་དེ་ནི། གྲོང་ཨུད་ཀྱིས་ལས་ཀའི་དགོས་མཁོ་དང་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་པ་འཛུགས་སྐྱོང་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་བསམ་གཞིགས་བྱས་ཏེ། ཞིབ་འཇུག་གཟབ་ནན་བྱས་ནས་གཏན་འབེབས་བྱས་པ་ཞིག་རེད། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་དཔུང་ཁག་དང་ཁེ་ལས་པ་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་གྲོང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཐོག་ཏུ་གཅིག་འགྱུར་ཡོང་བར་བྱེད་དགོས་པ་དང་། ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་བསམ་བློ་གཏོང་བ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ཤེས་པ། འགོ་ཁྲིད་དཔུང་ཁག་གསར་པའི་བཀོད་སྒྲིག་ཁག་ལ་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐུན་སྒྲིལ་དང་འཆམ་མཐུན་ལྡན་པའི་ཆབ་སྲིད་ཀྱི་འབྱུང་ཁམས་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས་པ། ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ཐུགས་བློ་བདེ་པོ་ཡོང་བ་དང་གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་མི་སྣའི་འདོད་བློ་ཁེངས་པར་བྱེད་དགོས།

སྐལ་བཟང་ཚེ་བརྟན་གྱིས་ནན་གསུངས་གནང་དོན། ཚོགས་ཞུགས་མི་སྣས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པའི་ཐད་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པ་དང་། གནད་ལ་འཁེལ་བའི་སྒོ་ནས་འགན་འཁྲིའི་ངེས་གནས་སྔར་བས་འཚོལ་ཞིབ་བྱས་ཏེ། གྲོང་ཨུད་ཀྱི་གཙོ་གནད་ལས་དོན་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པ། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པར་མ་ཟད། ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

ཕན་ཝུན་ཆིང་ཚོགས་འདུར་ཞུགས་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 6 6 拉萨日报藏文 c185051.html 1 གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(ཚོང་ཚོགས)སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ། /enpproperty-->