ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོར་གྲོང་ཁྱེར་སྲིད་གྲོས་ཀྱིས་སྲིད་གྲོས་ཨུ་ཡོན་ཁག་གཅིག་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་2024ལོའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་གྱི་དམངས་གཙོའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རྣམ་གྲངས་ཀྱི་འཕེལ་རིམ་དང་། གནས་པའི་གནད་དོན། དེ་བཞིན་ཕྱིས་འབྱུང་གི་བསམ་འཆར་དང་གྲོས་འགོ་བཅས་སྙན་སེང་ཞུས་པ་དང་། ཚོགས་ཞུགས་མི་སྣས་སྤེལ་རེས་བྱས་ནས་འབྲེལ་ཡོད་གནད་དོན་ཐད་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པ་རེད།
ཟླ་བས་རྣམ་གྲངས་ཚན་པས་འཆར་འགོད་སྔོན་ལ་སྤེལ་ཐུབ་པ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་འཆར་འགོད་ཇུས་འགོད་ལག་བསྟར་ནན་པོ་བྱེད་དགོས་པ་དང་། རྣམ་གྲངས་ཀྱི་གན་རྒྱའི་བླང་བྱ་གཞིར་བཟུང་། རྣམ་གྲངས་ཀྱི་མྱུར་ཚད་དང་རྣམ་གྲངས་ཀྱི་དུས་བཀག་ཚོད་འཛིན་ནན་པོ་བྱེད་དགོས་པ། རྣམ་གྲངས་ཀྱི་འབྲེལ་ཡོད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྲིད་གྲོས་དང་འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་བཏང་ནས་མཐུན་སྦྱོར་གཞོགས་འདེགས་ཧུར་ཐག་བྱས་ཏེ། དོན་དངོས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཐོག རྣམ་གྲངས་ལས་གཞིའི་སྤུས་ཚད་ཐད་འགན་ལེན་ཏན་ཏིག་བཅས་བྱེད་དགོས། སྲིད་གྲོས་ཨུ་ཡོན་ཚོས་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་དམངས་གཙོའི་ལྟ་སྐུལ་གྱི་འོས་འགན་སྒྲུབ་པ་དང་གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་བཏོན་ཏེ། གཙོ་གནད་རྣམ་གྲངས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
(བྱམས་པ་ཚེ་རིང་དང་སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社