分享按钮

ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལ་བརྟེན་ནས་ ཞིབ་དཔྱོད་ཀྱི་རྣམ་པ་གསར་པ་བཏོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་བསྟར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས་འགལ་བ་གོང་འབུལ་མི་བྱེད་པ་དང་།ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པའི་ལས་ཀའི་འདུ་ཤེས་དང་དམིགས་ཚད་ཀྱི་སྟོན་ཕྱོགས་དེ་ཞིབ་དཔྱོད་ཀྱི་འགན་སྒྲུབ་གྱོད་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ལག་བསྟར་དོན་འཁྱོལ་བྱེད་པ། ཞིབ་དཔྱིད་ཀྱིས་དམངས་འཚོར་སྲུང་སྐྱོབ་བྱེད་པའི་ཆེད་དོན་བྱ་སྤྱོད་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ།རེ་སྒུག་བཅས་ཐག་གཅོད་ནུས་ལྡན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ཐད་འགན་ལེན་བྱས་ཡོད།

གསར་འགྱུར་ཡོངས་བསྒྲཊ་ཚོཊ་འདུའི་ཐོག་གསར་འགྱུར་མགྲིན་ཚབ་པ་ཝང་ཤིའུ་ཡིས་ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་དེ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ནང་བཅུག་སྟེ།ཡིག་སྐུར་ངོ་གཏུགས་ཀྱི་འགལ་བའི་འབྱུང་རྩ་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་སོགས་ཀྱི་ཆེད་དོན་བྱ་སྤྱོད་མུ་མཐུད་གཏིང་ཟབ་སྤེལ་བ་དང་། འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གཤམ་སྐྱོད། ཡོངས་བསྒྲགས་དཔང་ཉན་སོགས་ཀྱི་ལམ་སྲོལ་གཏིང་ཟབ་ཏུ་བཏང་ནས་ཞིབ་དཔྱོད་ཡིག་སྐུར་ངོ་གཏུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུགས་180ལ་ལན་བཏབ་པ་དང་ལན་འདེབས་ཚད་བརྒྱ་ཆ་100ཟིན་པ། ཞིབ་དཔྱོད་སྒྲིག་འཛུགས་བྱས་ནས་ཡོངས་བསྒྲགས་ཁུངས་སྐྱེལ་དག་འབུད་ཐེངས་33བྱས་པ་དང་། ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་དང་གཤམ་སྐྱོད་ཐེངས་84བྱས་ནས་འགལ་བ་དང་རྩོད་གཞི་14ཐག་གཅོད་བྱས་ཡོད། ཡིག་སྐུར་ངོ་གཏུགས་ཐེངས་དང་པོ་བྱས་པའི་ཉེས་དོན་རྒྱུ་མཚན་ཞུ་འབུལ་དང་གྱོད་དོན་ཐོ་འགོད་ལྟ་སྐུལ་སོགས་ཀྱི་གྱོད་གཞི་ཚང་མ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་བསྒྲུབས་བྱས་ནས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་ཚད་བརྒྱ་ཆ་100ཟིན་ཡོད།

དུས་ཐོག་ཏུ་ཚད་ལྡན་གྱི་གྱོད་གཞི་ཐག་གཅོད་བྱ་རྒྱུར་ལན་སློག་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པའི་ནང་འདྲེས་པར་བྱས་པ་དང་།མང་ཚོགས་ཀྱི་རེ་འདུན་ཞུ་བའི་ཐབས་ལམ་ཤར་གཏོང་བྱས་པ། 12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 6 6 拉萨日报藏文 c185052.html 1 ལྷ་ས་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལ་བརྟེན་ནས་ ཞིབ་དཔྱོད་ཀྱི་རྣམ་པ་གསར་པ་བཏོད་པ། /enpproperty-->