分享按钮

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

​〔2024〕ཡིག་ཨང་3པ།

ལྷུན་གྲུབ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བདམས་པའི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་ཞེ་ཡུས་མའེ་ལས་འཁྱུར་ངལ་གསོ་གནང་བའི་རྐྱེན་གྱིས་རང་ཉིད་འཐུས་མིའི་གོ་གནས་ནས་དགོངས་ཞུ་བྱ་རྒྱུའི་རེ་འདུན་ཞུས་ཡོད། ལྷུན་གྲུབ་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག བློ་མཐུན་ཞེ་ཡུས་མའེ་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་གོ་གནས་དགོངས་ཞུ་བྱ་རྒྱུའི་རེ་འདུན་དང་ལེན་བྱ་རྒྱུའི་གྲོས་ཐག་བཅད་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཁག་གི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལྟར་ཞེ་ཡུས་མའེ་ཡི་འཐུས་མིའི་ཐོབ་ཐང་མཚམས་བཞག་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཁག་གི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས》ཀྱི་དོན་ཚན་ང་དྲུག་པའི་གཏན་འབེབས་ལྟར། ཞེ་ཡུས་མའེ་ཡི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་དེ་མཚུངས་ཀྱིས་མཚམས་བཞག་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་ཀྱང་དེ་མཚུངས་ཀྱིས་མཚམས་བཞག་སྟེ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐོ་འགོད་སྙན་སེང་ཞུས་ཡོད།

ད་ཐེངས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ལ་འགྱུར་བ་བྱུང་རྗེས། ལྷ་ས་གྲོང་ཁྱེར་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ལ་དངོས་སུ་འཐུས་མི་249ཡོད་པ་རེད།

དེ་དོན་ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

2024ལོའི་ཟླ་7ཚེས་24ཉིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 ​〔2024〕ཡིག་ཨང་3པ། 6 6 拉萨日报藏文 c185049.html 1 ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས། /enpproperty-->