ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་24ཉིན་གྱི་སྔ་དྲོར་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉེ་དུས་གནང་བའི་འབྲེལ་ཡོད་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཡོད་ལ། ལོ་སྟོད་ཀྱི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་སྙན་ཞུར་གསན་ནས་ཕྱིས་འབྱུང་གི་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད།
ཤའོ་ཡིའུ་ཚའེ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དུས་སྐབས་གལ་འགངས་ཆེ་བ་དང་། གཙོ་དོན་མངོན་གསལ་ཧ་ཅང་དོད་པ། ནང་དོན་ཧ་ཅང་ཕུན་སུམ་ཚོགས་པ། གྲུབ་འབྲས་ཧ་ཅང་གཡུར་དུ་ཟ་བ་བཅས་རེད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་དགོས།“ལྡོག་མེད་ཀྱི་བླང་བྱ་དྲུག”གི་ཁྲོད་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། སྒྱུར་བཅོས་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་གཏོང་བ། སྒྱུར་བཅོས་ཀྱི་རང་རྟོགས་དང་རང་འགུལ་ཆེ་རུ་གཏོང་བ་བཅས་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོབ་དང་།“སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་དགོས། “དམིགས་པ་བདུན”གྱི་ཁྲོད་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་ས་གསར་པའི”དམིགས་ཚད་ལ་དམིགས་ནས་ཁྱོན་ཡོངས་ནས་འཆར་འགོད་དང་མ་ལག་བཀོད་སྒྲིག་བྱས་ཏེ། གཙོ་གནད་མངོན་གསལ་དོད་པོ་དང་གནད་འགག་དམ་འཛིན་གྱིས་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་སྔར་ལས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།“མཐའ་འཁྱོངས་དྲུག”གི་ཁྲོད་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྩ་དོན་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ།“མཐའ་འཁྱོངས་དྲུག”གི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེ་བཞིན་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་བེད་སྤྱོད་ཡག་པོ་བྱས་ནས་སྒྱུར་བཅོས་ཀྱི་ཚན་རིག་རང་བཞིན་དང་། སྔོན་དཔག་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཏན་ཏིག་ཆེ་རུ་གཏོང་དགོས།“ཕྱོགས་བཅུ་བཞིའི”སྒྱུར་བཅོས་ལས་འགན་ཁྲོད་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ།“དོན་ཆེན་བཞིར”དམིགས་པ་དང་།“འཛུཊ་གཏོད་བཞིར”ཤུཊ་སྣོན་རྒྱག་པ།“གདོང་དམག་བདུན”ཡག་པོ་བྱེད་པར་དམ་པོར་དམིགས་པ།“ལས་ཀའི་རྩ་དོན་ལྔ”མཐའ་འཁྱོངས་བྱེད་པ།“འགོ་འཛུགས་སར”གཞི་ཚུཊ་པ་བཅས་བྱས་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་དང་། གཞི་རིམ་བཅོས་སྐྱོང་། གྲོང་ཁྱེར་དོ་དམ་སོགས་གཙོ་གནད་ཁྱབ་ཁོངས་སུ་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་ཐུབ་པའི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་བཏོན་ཏེ། “བྱེད་ནུས་ཁུལ་གསུམ”དང་།“ལས་རྣམ་ལྔའི་གོང་སྤེལ་ཁུལ” “ཐོན་ལས་ཆེན་པོ་དགུ” “བྱ་སྤྱོད་ཆེན་པོ་གསུམ”བཅས་ལ་སྐུལ་འདེད་བཏང་ཐོག“འགག་སྒྲོལ་ཆེན་པོ”མངོན་འགྱུར་ཡོང་བར་བྱེད་དགོས།“བླང་བྱ་གལ་ཆེན་གཅིག”གི་ཁྲོད་ནས་ཕྱོཊ་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་རྩ་བའི་འགན་ལེན་ཁོང་དུ་ཆུད་པར་བྱེད་དགོས་པ་སྟེ། ཏང་གི་འགོ་ཁྲིད་དེ་ཕྱོཊ་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོཊ་གང་ཅིའི་ཐད་ཁྱབ་པ་དང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社