ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་23ནས་ཚེས་24ཉིན་བར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གསུམ་པ་འཚོགས་པ་རེད།
ཚོཊ་འདུའི་ཐོག་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་45ཞུཊ་དགོས་པ་དང་། དངོས་སུ་མི་24ཞུཊ་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཚོཊ་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་སྤྱི་བསྒྲགས(མ་ཟིན)དང་།《ལྷ་ས་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འཇོག་སའི་སྲོལ་ཡིག(འཆར་ཟིན)》 《ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་གད་སྙིགས་དོ་དམ་སྲོལ་ཡིག(འཆར་ཟིན)》 《ལྷ་ས་གྲོང་ཁྱེར་གྱི་ཆུ་སྲུང་འཛིན་ལེགས་པའི་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་སྲོལ་ཡིག(འཆར་ཟིན)》ལྷ་ས་གྲོང་ཁྱེར་ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ལས་དོན་གནས་ཚུལ་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྙན་ཞུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་ལེན་བཅའ་ཁྲིམས》ཁྲིམས་བསྟར་ཞིབ་བཤེར་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱི་སྙན་ཞུ། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱ་ཐབས་སོཊ་ལ་གྲོས་ཞིབ་དང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོཊ་འདུའི་ཐོག་ད་དུང་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ཀྱི་ལས་དོན་མི་སྣར་བསྐོ་གཞག་དཔང་ཡིག་སྤྲད་པ་དང་འབྲེལ་ཐུན་མོང་དུ་རྩ་ཁྲིམས་དམ་བཅའ་ཡང་བཞག་ཡོད།
ཧོ་ཕུང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་གསུངས་གནང་དོན།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社