སྒྱུར་བཅོས་ལ་ཕན་འབྲས་ཐོན་རྒྱུར་སྔར་བས་མཐོང་ཆེན་བྱེད་དགོས་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་ལ་དམ་འཛིན་ལེགས་པར་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུའི་བཀོད་པར་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱས་ཡོད། གྲོས་ཚོགས་ཐོག “ཏང་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས《གཏན་འབེབས》ལག་བསྟར་དོན་འཁྱོལ་ལེགས་པར་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད།
སྒྱུར་བཅོས་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས་ལ། སྒྱུར་བཅོས་ལག་ལེན་ཏུ་བསྟར་མཁན་ཞིག་ཀྱང་བྱེད་དགོས། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་གནད་འགག་ནི། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཀོད་སྒྲིག་ལ་དམ་འཛིན་དང་། དོན་འཁྱོལ་ལ་དམ་འཛིན། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བཅས་བྱ་རྒྱུར་ཐུག་ཡོད། ཀྲུང་དབྱང་རིམ་པས་སྤྱི་ཡོངས་ལ་ཇུས་འགོད་དང་། གཅིག་གྱུར་གྱིས་མཐུན་སྦྱོར། སྤྱི་ཡོངས་ལ་སྐུལ་འདེད། དོན་འཁྱོལ་ལ་ལྟ་སྐུལ་བཅས་བྱེད་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་འགན་གསལ་བཟོ་དང་། འགན་འཁྲི་དོན་འཁྱོལ། ལས་ཡུན་ལྡོག་སྒྲིག འཕྲོར་མཐུད་སྐུལ་གཏོང་བཅས་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་ལྟ་ཞིབ་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཏང་ཡོངས་ཀྱི་གོང་འོག་ཚང་མས་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དེ་སྒྱུར་བཅོས་ལས་དོན་གྱི་གཙོ་གནད་དུ་བརྩི་དགོས་པ་དང་། བཀོད་སྒྲིག་བརྒྱ་ཆ་བཅུ་དང་དོན་འཁྱོལ་བརྒྱ་ཆ་དགུ་བཅུ་ཞེས་པ་མཐའ་འཁྱོངས་ཀྱིས་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཐོན་པར་བྱས་ཏེ། སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པར་མ་ཟད། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་འཛུགས། ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྐྲུན་བཅས་ཡོང་བར་བྱེད་དགོས། ཐབས་ཇུས་ཡག་པོ་དང་འཆར་གཞི་ཡག་པོ་ཡོད་ཀྱང་གནད་འགག་ནི་དོན་འཁྱོལ་ལ་ཐུག་ཡོད་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཐུབ་པས། དོན་འཁྱོལ་ལ་དམ་འཛིན་ལེགས་པར་བྱས་ན་གཞི་ནས་སྒྱུར་བཅོས་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ངེས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ལེགས་པར་བྱ་རྒྱུ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་འགྱུར་ཡོང་བར་བྱས་ཏེ།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社