分享按钮

སྲིད་གཞུང་གིས་ཁ་གསབ་སྤྲད་པས་རླངས་འཁོར་ཁྲོམ་རའི་རླངས་འཁོར་བྲིན་ཁ་རྒྱུག་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་།རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ།རླངས་འཁོར་ཉོ་བའི་ཁ་གསབ་ཀྱིས་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སྔོན་དཔག་ལྟར་ཐོན་ཐུབ་པ་བཅས་བྱ་ཆེད།《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་གཏོང་དང་།དམངས་འཚོར་ཕན་འདོགས་པ།ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་ཚན་8》ལག་བསྟར་བྱས་རྗེས།རང་གྲོང་གི་ཚོང་དོན་སྡེ་ཚན་གྱིས་སྲིད་ཇུས་གཞིར་བཟུང་།རླངས་འཁོར་མཛད་སྤྱོད་བྱེད་རྒྱ་ཤུགས་ཆེར་གཏོང་བར་དམིགས་ཏེ།རླངས་འཁོར་ཉོ་བའི་ཁ་གསབ་སྤྲོད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་འབྲེལ་རླངས་འཁོར་ཉོ་མཁན་ལ་ཁ་གསབ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་ཧུར་ཐག་བྱས་པས་རླངས་འཁོར་ཚོང་གཉེར་ཁྲོམ་རའི་བྲིན་ཁ་རྒྱུག་ཚད་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

སྲིད་གཞུང་གི་རླངས་འཁོར་ཉོ་བའི་ཁ་གསབ་དང་དྲ་ཕྱིའི་རླངས་འཁོར་ཁེ་ལས་ཀྱི་གཟིགས་སྐྱོང་བྱེད་སྒོའི་མཉམ་འབྲེལ་ནུས་པ་ལས་བྲིན་སྐུལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཉིན་ཤས་བསྟུད་མར་རང་གྲོང་གི་རླངས་འཁོར་ཕྱིར་ཚོང་ཁྲོམ་ར་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།གསར་འགོད་པས་བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་གླིང་ཁུལ་དུ་གནས་པའི་བོད་ལྗོངས་སྐར་མ་པིན་ཁྲེ་4Sཚོང་ཁང་ནས་རླངས་འཁོར་ཉོ་བར་ཡོང་མཁན་གྲོང་མི་རྒྱུན་ཆད་མེད་པ་མཐོང་བྱུང་།གྲོང་མི་མཁྱེན་ལྡན་མ་ཀྲེན་ལགས་ཀྱིས་པིན་ཁྲེ་རླངས་འཁོར་ལ་དོ་ཁུར་བྱས་ནས་ཡུན་རིང་སོང་ཞིང་།རླངས་འཁོར་དེའི་ནུས་པ་དང་ལེགས་ཆར་རྒྱུས་མངའ་ཆེན་པོ་ཡོད།སྔ་རྗེས་སུ་ས་གནས་ཁག་གི་4Sཚོང་ཁང་དུ་ཐེངས་མང་རླངས་འཁོར་ཚོད་ལྟ་བྱས་པ་དང་འབྲེལ།རིན་གོང་ལའང་བསྡུར་བ་བྱས་པ་རེད།ད་ཐེངས་རང་གྲོང་གིས་རླངས་འཁོར་ཉོ་བའི་ཁ་གསབ་བྱེད་ཤུགས་ཧ་ཅང་ཆེ་བ་དང་ཚོང་ཁང་གིས་ཀྱང་གཟིགས་སྐྱོང་གི་བྱེད་སྒོ་སྤེལ་བཞིན་ཡོད་པ་གོ་ཐོས་བྱུང་བས་མཁྱེན་ལྡན་མ་ཀྲེན་ལགས་འཕྲལ་དུ་4Sཚོང་ཁང་དེར་བློ་འདྲི་བྱེད་པར་ཕྱིན་ནས་གཟིགས་སྐྱོང་དང་བསྟུན་ནས་རླངས་འཁོར་གསར་པ་ཞིག་ཉོས་ཤིང་།ཁ་གསབ་སྒོར་ཁྲི་2ཐོབ་པར་མ་ཟད།ད་དུང་སྒོར་8000གི་སྣུམ་སྣོན་བྱང་བུ་ཡང་ཐོབ་ཡོད།མཁྱེན་ལྡན་མ་ཀྲེན་ལགས་ཀྱིས་ང་སྔ་ས་ནས་རླངས་འཁོར་དེ་ལ་དགའ་པོ་ཡོད།དེ་གར་རླངས་འཁོར་ཉོས་ཚེ་ད་དུང་སྲིད་གཞུང་གི་ཁ་གསབ་སྤྲོད་ཀྱི་ཡོད།ངའི་ཡིད་ལ་སྲིད་ཇུས་དེ་ཧ་ཅང་ཡག་པོ་འདུག་སྙམ།ང་ཚོ་རླངས་འཁོར་ཉོ་མཁན་ལ་དངོས་དངོས་རྗེན་རྗེན་གྱི་གཟིགས་སྐྱོང་གནང་བྱུང་ཞེས་བཤད།

བོད་ལྗོངས་སྐར་མ་པིན་ཁྲི་4Sཚོང་ཁང་གི་ཕྱིར་ཚོང་བློ་འདྲི་བ་ཝང་ཧན་གྱིས་གསར་འགོད་པར་ལྷ་སར་རླངས་འཁོར་ཉོ་བའི་ཁ་གསབ་ཚད་གཞི་ནི་རླངས་འཁོར་གྱི་རིན་གོང་ནི་གཞི་འཛིན་རིན་གོང་ཡིན་པ་དང་།རིམ་པ་གཉིས་གཏན་འཁེལ་བྱས་པ་སྟེ།སྒོར་ཁྲི་10ཡི་ནང་ཚུན་ལ་སྒོར་10000གི་ཁ་གསབ་ཐེངས་གཅིག་སྤྲོད་རྒྱུ་དང་།སྒོར་ཁྲི་10དང་དེའི་ཡན་ལ་སྒོར་20000ཀྱི་ཁ་གསབ་ཐེངས་གཅིག་སྤྲོད་རྒྱུ་རེད།བྱེད་སྒོ་སྤེལ་རིང་།ཚོང་ཁང་དེས་ལེ་ལག་ཚང་བའི་ཁེ་ལས་ཀྱི་གཟིགས་སྐྱོང་བྱེད་སྒོའང་སྤེལ་ནས་འཛད་སྤྱོད་པར་གཟིགས་སྐྱོང་སྣོལ་མ་མཁོ་འདོན་བྱས་ཡོད།མིག་སྔར་ཚོང་ཁང་དེས་ཕྱིར་ཚོང་བྱེད་པའི་རླངས་འཁོར་གྱི་བཟོ་ལྟ་མི་འདྲ་བ་10ཡོད་པ་དང་།བཟོ་ལྟ་མི་འདྲ་བའི་རླངས་འཁོར་གྱི་གཟིགས་སྐྱོང་བྱེད་ཚད་ཀྱང་མི་འདྲ་བ་ཡོད་ཅིང་།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-15 6 6 拉萨日报藏文 c184339.html 1 སྲིད་གཞུང་གིས་ཁ་གསབ་སྤྲད་པས་རླངས་འཁོར་ཁྲོམ་རའི་རླངས་འཁོར་བྲིན་ཁ་རྒྱུག་པ། /enpproperty-->