分享按钮

བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་དམངས་ཁྲོད་གླུ་གཞས་འགྲན་བསྡུར་གྱི་ བསྐྱར་འགྲན་གྱི་མཇུག་འབྲས་ཐོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་13ཉིན། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་དམངས་ཁྲོད་གླུ་གཞས་འགྲན་བསྡུར་གྱི་བསྐྱར་འགྲན་དེ་ནོར་བུ་གླིང་གར་སྤེལ་བ་རེད། བསྐྱར་འགྲན་གྱི་ཡུལ་དངོས་སུ། བདམས་ཐོན་པ་ཚོས་བཏང་བའི་གླུ་གཞས་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་། རང་ལྗོངས་ཀྱི་ས་ཁོངས་མི་འདྲ་བའི་རིག་གནས་ཀྱི་ཁྱད་ཆོས་གང་ལེགས་མངོན་ནས་རིག་གནས་ཀྱི་གདེང་ཚོད་ཡོད་པའི་སྒོ་ནས་བརྗོད་དོན་གཙོ་བོ་མཚོན་པར་མ་ཟད། དེ་གར་ཡོད་པའི་ལྟད་མོ་བ་ཚོར་མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩི་རུ་གྱུར་བའི་གསོལ་སྟོན་གཟབ་རྒྱས་ཤིག་ཀྱང་ཕུལ་བ་རེད། ངོ་མཚར་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། བདམས་ཐོན་པ་12རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་པ་རེད།

བདམས་ཐོན་པ་བསྟན་པས་དེ་རིང་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་ནང་ཞུགས་པར་ཧ་ཅང་དགའ་པོ་བྱུང་། ངའི་གཏང་རྒྱུའི་གླུ་གཞས་ནི་འབྲོག་གླུ་ཞིག་ཡིན་པས་ཚང་མས་དགའ་པོ་བྱེད་པའི་རེ་བ་ཡོད་ལ། རང་ཉིད་ལ་ཡང་གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།

འགྲན་བསྡུར་ཁྱབ་བསྒྲགས་བྱས་པ་ནས་བཟུང་། བྱེད་སྒོར་རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་དྲིལ་བསྒྲགས་ཚན་པ་དང་རིག་གནས་ཡུལ་སྐོར་ཅུས་ཀྱི་རྒྱབ་སྐྱོར་གང་ལེགས་ཐོབ་ཡོད། འགྲན་བསྡུར་དེ་ཐོག་མའི་འགྲན་བསྡུར་དང་། བསྐྱར་འགྲན། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བཅས་རེས་སྐོར་གསུམ་ལ་དབྱེ་ཡོད་པ་དང་། འགྲན་ཞུགས་མཁན་ནི་གྲོང་ཁྱེར(ས་ཁུལ)ཁག་གི་རིག་གནས་ཡུལ་སྐོར་ཅུས་ཀྱིས་རྫོང(ཆུས)ཁག་གི་སྒྱུ་རྩལ་ཚོགས་པ་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་སོགས་དམངས་གཞས་གཏོང་བར་བྱང་ཚད་ངེས་ཅན་ལྡན་པའི་བདམས་ཐོན་པའི་ཁྲོད་ནས་གདམ་གསེས་དང་འོས་སྦྱོར་བྱས་པ་ཞིག་རེད། ཐོག་མའི་འགྲན་བསྡུར་སྤེལ་བ་བརྒྱུད། བདམས་ཐོན་པ་39བསྐྱར་འགྲན་ནང་ཚུད་པ་དང་། མཐར་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་མི་12ཚུད་ཡོད་པ་རེད།

བསྐྱར་འགྲན་གྱི་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞིའི་ནང་། སྒྲ་གསལ་པོ་ཡིན་མིན་དང་། དབྱངས་འགྲོས་ཁོང་དུ་ཆུད་མིན། བདམས་ཐོན་པའི་སྒྲ་གཤིས། རང་ངོས་ཀྱི་གཟུགས་བརྙན། གར་སྟེགས་ཐོག་གི་ཉམས་འགྱུར་བཅས་ཚུད་ཡོད་པ་རེད། བླང་བྱའི་ཐད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་ཐིག་ཏུ་བཟུང་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དམིགས་ཏེ། ཏང་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་བ་དང་། མི་དམངས་ལ་བསྟོད་གླུ་འབུལ་བ། དཔའ་བོ་ལ་བསྟོད་གླུ་འབུལ་བ་བཅས་དང་། གླུ་གཞས་ཀྱི་འགྱུར་ཁུག་ལ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-15 6 6 拉萨日报藏文 c184338.html 1 བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་དམངས་ཁྲོད་གླུ་གཞས་འགྲན་བསྡུར་གྱི་ བསྐྱར་འགྲན་གྱི་མཇུག་འབྲས་ཐོན་པ། /enpproperty-->