分享按钮

གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ།

མཐའ་ཚད་འཛིན་སེམས་དང་མཐར་སོན་བྱེད་སེམས་བརྟན་དུ་ བཏང་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་ལ་ནུས་ ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་གནས་ཚུལ་སྙན་ཞུར་གསན་པ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ། སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ཐོན་སྐྱེད་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་སྤྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ་མཐའ་ཚད་འཛིན་སེམས་དང་མཐར་སོན་བྱེད་སེམས་བརྟན་དུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པ་དང་ལས་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་བརྟན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚང་མས་མཉམ་དུ《ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཏུ་ཡོད》ཅེས་པའི་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་རྗེས། ཤའོ་ཡིའུ་ཚའེ་ཡིས་བསྟན་དོན། ཉེན་བརྡའི་སློབ་གསོའི་གློག་བརྙན་ནང་དབྱེ་ཞིབ་བྱས་པའི་དཔེ་མཚོན་དོན་རྐྱེན་གྱི་གྱོད་དཔེ་ཚབས་ཆེན་ལ་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། ཉེན་བརྡ་གཏིང་ཟབ་པོ་ཡོད། བསླབ་བྱ་དང་ལེན་མ་བྱས་ན་ཉེན་ཁར་འགྱུར་ངེས་ཡིན་པས། ངེས་པར་དུ་གཞན་གྱི་བསླབ་བྱ་དེ་རང་ཉིད་ཀྱི་ཉེན་བརྡ་ཞིག་ཏུ་བརྩིས་ནས་དོགས་ཟོན་གཏིང་ཟབ་དང་བསམ་ཞིབ་གཏིང་ཟབ་བྱས་ཏེ་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་གནས་བྱེད་དགོས།

ཤའོ་ཡིའུ་ཚའེ་ཡིས་བསྟན་དོན།ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་བདེ་འཇགས་ཀྱི་ལས་འཛོལ་ཐོན་ཚད་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་གཉིས་ཉུང་དུ་ཕྱིན་ནས་ལས་འཛོལ་ཚབས་ཆེན་མི་ཐོན་པའི་མཐའ་ཚད་འཛིན་སེམས་བརྟན་པོར་སྲུང་ཡོད་ཅིང་། སྤྱིའི་ཆ་ནས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན་མོད། བརྟན་ལྷིང་ཁྲོད་ཉེན་ཁ་ཡོད་པ་དང་བརྟན་ལྷིང་ཁྲོད་མངོན་མེད་རྐྱེན་ངན་གནས་ཡོད་པ་རེད།

བདེ་འཇགས་ཀྱི་མཐའ་ཚད་ལ་དམིགས་ནས་མཐའ་ཚད་འཛིན་སེམས་བསྲུང་དགོས། མིག་སྔར་གྲོང་ཁྱེར་ཡོངས་འཛུགས་སྐྲུན་གྱི་འགག་རྩའི་དུས་དང་། ཐོན་སྐྱེད་བྱེད་ཚད་མང་བའི་དུས་སྐབས། ཡུལ་སྐོར་ཡག་ཤོས་ཀྱི་དུས་སྐབས། ཆར་ཆུ་གཅིག་སྡུད་ཀྱི་དུས་སྐབས་བཅས་སུ་སླེབས་ཡོད་པས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་དང་ཉེན་ཁ་ཡང་ཐོན་སྲིད་ངེས་རེད།ཐོན་སྐྱེད་བདེ་འཇགས་ལས་དོན་གྱི་རྒྱང་ལྟའི་རང་བཞིན་དང་། སྔོན་དཔག་རང་བཞིན། རང་འགུལ་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

འབྱུང་རྩ་ནས་བཅོས་སྐྱོང་བྱེད་པར་དམིགས་ཏེ་རྨང་གཞི་བརྟན་པོ་འདིང་དགོས། ཐོན་སྐྱེད་བདེ་འཇགས་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ་གོ་སྐབས་སུ་བཟུང་ནས་མི་དང་། འཕྲུལ་འཁོར། ཁོར་ཡུག དོ་དམ་བཅས་རྒྱུ་རྐྱེན་བཞིར་དམ་པོར་དམིགས་ནས་མིས་འགོག་པ་དང་།ལག་རྩལ་གྱིས་འགོག་པ། ལས་གྲྭས་འགོག་པ།དོ་དམ་གྱིས་འགོག་པ་བཅས་ཀྱི་ལས་གྲྭའི་རྣམ་གྲངས་ཁག་གཅིག་འཆར་འགོད་དང་ལག་བསྟར་དམ་འཛིན་བྱས་ཏེ། མགྱོགས་མྱུར་ངང་ཞན་ཆ་ཁ་གསབ་བྱས་ནས་འབྱུང་རྩ་ནས་བཅོས་སྐྱོང་དང་།ལྟ་ཞིབ་ཚད་ལེན།སྔོན་ཚུད་ནས་ཉེན་བརྡ་གཏོང་བ་བཅས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

གསར་གཏོད་ལ་དམིགས་ཏེ་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་དགོས། གྲོང་ཁྱེར་འཕེལ་རྒྱས་ཁྲོད་དུས་ཡུན་རིང་པོར་གསོག་འཇོག་བྱས་པའི་མངོན་མེད་རྐྱེན་ངན་དང་ཉེན་ཁ་ཁག་གཅིག་མེད་པར་བཟོ་རྒྱུ་དང་། གྲོང་ཁྱེར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ལས་ཀའི་ལམ་སྲོལ་ཁག་གཅིག་འཐུས་ཚང་དུ་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཁག་གཅིག་གི་འགན་འཁྲིའི་མ་ལག་གི་དམིགས་ཚད་ལས་འགན་ལེགས་སྒྲིག་བྱ་རྒྱུ། དཔྱད་ཞིབ་ཀྱི་ཚད་གཞིར་དམིགས་ཏེ་རེ་རེ་བཞིན་ཞིབ་འཇུག་དང་རེ་རེ་བཞིན་ལག་བསྟར་བྱས་ཏེ།རྒྱལ་ཁབ་བདེ་འཇགས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཀྲའོ་ཧུའེ་ཉན། ཁྲེན་ཅིང་། དགྲ་འདུལ། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ལི་ཅང་ཞིན། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན། མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ད་དུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དམིགས་བསལ་གདན་ཞུས་ཞིབ་འཇུག་པ་དང་། མཐོ་རིམ་བཟོ་སྐྲུན་དགེ་རྒན།རྒྱལ་ཁབ་ཀྱི་ཐོ་འགོད་བདེ་འཇགས་བཟོ་སྐྲུན་དགེ་རྒན་བཅས་ཡིན་པའི་ཧྥེང་ཡུན་གདན་དྲངས་ནས་ཚོགས་ཞུགས་བློ་མཐུན་ལ་རྒྱལ་ཁབ་བདེ་འཇགས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ལས་དོན་གྱི་བསམ་ཕྱོགས་ལ་འགྲེལ་བཤད་བརྒྱབ་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-15 གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ། 6 6 拉萨日报藏文 c184340.html 1 མཐའ་ཚད་འཛིན་སེམས་དང་མཐར་སོན་བྱེད་སེམས་བརྟན་དུ་ བཏང་ནས་ཐོན་སྐྱེད་བདེ་འཇགས་ཀྱི་ལས་དོན་ཁག་ལ་ནུས་ ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། /enpproperty-->