分享按钮

སྒྱུ་རྩལ་གྱི་འདུ་འཛོམས་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན།

ངོ་མཚར་ཆེ་བའི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་12ཉིན་གྱི་དགོང་མོར། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་བོད་ལྗོངས་ཟློས་གར་ཁང་ཆེན་མོར་དངོས་སུ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་བྱེད་སྒོའི་ནང་བོད་རང་སྐྱོང་ལྗོངས་ཀྱི་སྒྱུ་རྩལ་མཁས་ཅན་དང་། རིག་རྩལ་ལ་དགའ་པོ་བྱེད་མཁན། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་འཐུས་མི་བཅས་མཉམ་དུ་འཛོམས་བྱས་ནས་ཚང་མས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་དེ་འགོ་ཚུགས་པའི་དཔང་པོ་བྱས་པ་རེད།

བརྗིད་ཉམས་ལྡན་པའི་རྒྱལ་གླུའི་གླུ་སྒྲ་གྲགས་པ་དང་བསྟུན་ནས་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་འགོ་ཚུགས་ཤིང་། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་གར་སྟེགས་གལ་ཆེན་ཞིག་ཏུ་གྱུར་བ་དང་། རང་ལྗོངས་ཀྱི་ཁྱད་ཆོས་དང་ཉམས་འགྱུར་མངོན་པ། ཚོང་འགུགས་མ་འདྲེན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྱུ་རྩལ་གྱི་འདུ་འཛོམས་གཟབ་རྒྱས་ཤིག་ཡིན་ལ། རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན།

བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་། ཀན་སུའུ་མཉམ་དཀྲོལ་རོལ་མོ་ཚོགས་པ། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་བཅས་ཀྱི་སྒྱུ་རྩལ་མཁས་ཅན་གྱིས་སྐུ་མགྲོན་དང་གཟིགས་མོ་བར་ངོ་མཚར་ཆེ་བའི་མི་རིགས་ཀྱི་འབུད་དཀྲོལ་རོལ་དབྱངས《ཧི་མ་ལ་ཡ》ཞེས་པ་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་ལ་གླེང་གཞིའི་རོལ་མོ《འབྱུང་རྐྱེན》དང་། 《གསར་སྐྱེས》《སྣ་མང་ཉམས་འགྱུར》《སྐྱེད་སྲིང》《དྲག་ཏུ་རྒྱུག་པ》བཅས་རོལ་མོ་ལེའུ་བཞི་དང་མཇུག་འགྲིལ་རོལ་མོ《འོད་སྟོང་འབར་བ》བཅས་ཚུད་ཡོད་པ་རེད།

མཉམ་དཀྲོལ་རོལ་མོ་ཧྲིལ་པོ《ཧི་མ་ལ་ཡ》ཞེས་པ་དེས་བརྗིད་ཉམས་དང་། གཏིང་ཟབ་པའི་ནང་དོན། ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་བཅས་ལ་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བརྗིད་ཉམས་ལྡན་པའི་རྣམ་པ་དང་བོད་ཀྱི་རིག་གནས་ཀྱི་རྨང་གཞི་འཛམ་གླིང་སྐྱེ་བོ་ཀུན་གྱི་སྤྱན་ལམ་དུ་མངོན་པར་བྱས་ཡོད། དེ་ནི་ཕུལ་བྱུང་གི་རོལ་མོའི་བརྩམས་ཆོས་ཤིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་།

(པར་ངོས་གཉིས་པར་གཟིགས)

པར་འདི་ནི་འཁྲབ་སྟོན་གྱི་ཡུལ་དངོས་ཡིན་པ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-15 ངོ་མཚར་ཆེ་བའི་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ། 6 6 拉萨日报藏文 c184337.html 1 སྒྱུ་རྩལ་གྱི་འདུ་འཛོམས་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན། /enpproperty-->