ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།སྟག་རྩེ་ཆུས་མི་སྤྱི་ཅུས་ཀྱིས་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང(རྒྱ་ཆེ)ཚོགས་འདུ་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པའི་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།ལས་ཞུགས་ལས་དོན་འདི་ཉིད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད།
ཚོགས་འདུའི་ཐོག་ནན་གསུངས་གནང་དོན། སྟག་རྩེ་ཆུས་མི་སྤྱི་ཅུས་ཀྱིས་ལས་ཞུགས་ཀྱི་དམིགས་ཚད་དང་ལས་འགན་གཙོ་གནད་ལ་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ། གོང་འོག་མཉམ་ལས་དང་སྔ་ཙམ་དམ་འཛིན་བྱས་ནས་ལས་ཞུགས་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་དང་དམ་ཟབ་ཀྱིས་གཙོ་གནད་ཐོན་ལས་ཀྱི་དགོས་མཁོར་དམིགས་ཏེ། ལས་རྣམ་གསར་པ་འཕེལ་རྒྱས་གཏོང་རྒྱུ་གོ་སྐབས་སུ་བྱེད་པ་དང་། དགོས་མཁོ་ཕྱོགས་སྟོན་དུ་འཛིན་པའི་ལས་རིགས་གསོ་སྦྱོང་མ་ལག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་དགོས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ།སློབ་ཆེན་ཐོན་པའི་སློབ་མ་སོགས་གཞོན་ནུའི་ཚོགས་སྤྱིའི་ལས་ཞུགས་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས་གཞོན་ནུའི་ཚོགས་སྤྱིའི་སློབ་སྦྱོང་དང་དགེ་མཚན་འདོན་སྤེལ་བྱེད་པར་ཕན་པའི་ལས་ཞུགས་ལས་གནས་དེ་བས་མང་བ་གསར་སྤེལ་བྱེད་དགོས། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་གནས་ཐོན་ཁུངས་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱས་ཏེ།ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས།ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་།“སྟག་རྩེའི་སྤྱི་པའི་ལས་ཞུགས་གདན་ཞུའི་ལས་སྟེགས”ཀྱི་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་བ།“རིག་ལྡན་སྟག་རྩེའི་སྐབས་འཕྲལ་གླ་པའི་ཁྲོམ་རའི་ལས་ཞུགས་ལས་སྟེགས”ཀྱི་ཆ་འཕྲིན་ཅན་གྱི་ཉེར་སྤྱོད་ལས་སྟེགས་ཁྱབ་གདལ་དུ་བཏང་སྟེ།ཚད་ལྡན་ཅན་གྱི་སྐབས་འཕྲལ་གླ་པའི་ཁྲོམ་ར་ཁག་གཅིག་གཏོད་དགོས། ངལ་རྩོལ་པའི་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ངལ་རྩོལ་པའི་ལས་རིགས་ལས་རྨས་འགན་སྲུང་མ་ལག་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ། གླ་ཆ་འགྱང་ཆད་བཅོས་སྐྱོང་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ངལ་རྩོལ་དང་འབྲེལ་བའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社