分享按钮

(པར་ངོས་དང་པོར་མཐུད)དམིགས་སའི་རང་བཞིན་བཅས་ཇེ་ཆེར་གཏོང་དགོས་པ། སྲིད་གྲོས་ཀྱི་སྟེགས་བུ་བེད་སྤྱོད་དང་སྲིད་གྲོས་ཀྱི་དགེ་མཚན་བཏོན་ཏེ། ལས་དོན་དངོས་ཀྱི་ཐོག་ནས་སྲིད་སྐྱོང་ཏང་གི་ཏང་ཡོན་པའི་སྔོན་ཐོན་རང་བཞིན་མངོན་པར་བྱེད་དགོས་པ། རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞུང་དྲང་སྤྱོད་གཙང་གིས་འགན་འཁྲི་སྒྲུབ་མཁན་དང་འགན་འཁྲི་གཙང་མར་སྒྲུབ་མཁན་ཞིག་ཏུ་བརྩོན་ལེན་བྱེད་དགོས་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ་དང་། འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱོད་ཚུལ་སྒྱུར་བར་སྐུལ་འདེད་གཏོང་བ། སྤྱོད་ཚུལ་བསྒྱུར་ནས་ཚད་གཞི་བཟོ་བ། ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ། གནས་བབ་མཐོ་རུ་བཏང་ནས་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ། ཕྱོགས་གང་ཅིའི་ཐད་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་དང་། ཟླ་བ། ལེའུ་ལེང། ལུའུ་ཝའེ་ཧྲེང་། དེ་བཞིན་དྲུང་ཆེ་ཙོའུ་ཡུས་མིང་བཅས་སློབ་སྦྱོང་ཚོགས་འདུར་ཞུཊ་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-08 6 6 拉萨日报藏文 c184032.html 1 /enpproperty-->