(པར་ངོས་དང་པོར་མཐུད)ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཨུད་ཀྱི་འགོ་ཁྲིད་བརྟན་པོ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཡང་དག་པའི་འགོ་ཁྲིད་འོག “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སྐྱོད་པ་བཞིའི”ཁྱོན་ཡོངས་ཀྱི་ཚུགས་གནས་སུ་ལངས་ཏེ། གྲོང་ཨུད་ཀྱི་ལྟེ་བའི་ལས་དོན་དང་མི་དམངས་འཐུས་ཚོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་ཅིང་། “གདོང་དམག་བདུན”ཡག་པོ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཆབ་སྲིད་ཀྱི་འགན་ལེན་དང་། རྩ་འཛུགས་ཀྱི་འགན་ལེན། ལས་ཀའི་འགན་ལེན་བཅས་གལ་ཆེན་འདོན་སྤྲོད་བྱས་ཡོད་ཅེས་གསུངས་པ་རེད།
ཧོ་ཕུང་གིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ལ་དགའ་ཞེན་དང་། ཏང་ལ་བརྩི་བཀུར། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གསར་བརྗེའི་རྒན་རབས་པར་སློབ་སྦྱོང་བྱེད་པ། སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ། དུས་རབས་གསར་པའི་གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐད་ལན་འདེབས་ཡག་པོ་འདེབས་པ། ཐོག་མཐའ་བར་གསུམ་དུ“ངེས་པར་དུ་བྱེད་དགོས་པ་དགུའི”ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཐོག་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་བརྩི་སྲུང་ཞུས་ཏེ། ལྷ་སའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་དང་། ཏང་གི་སྒྲིག་ཡིག་དེ་ཏང་ཡོན་ལས་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་ཡག་པོ་ཏན་ཏིག་བྱེད་པ། དྭངས་གཙང་གི་ཆབ་སྲིད་ཀྱི་འབྱུང་ཁམས་བཟང་པོ་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་གཙང་མར་བརྟེན་ནས་སྔོན་ཐོན་གྱི་ཏང་རྩ་འཛུགས་དང་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་སྔར་ལས་མང་བ་འཛུགས་སྐྱོང་དང་སྦྱོང་བརྡར་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་འཆང་བ། རང་གཤིས་ནམ་ཡང་སྲུང་བ། འབད་བརྩོན་ཡར་རྒྱས་བརྩོན་ལེན་བཅས་བྱེད་པའི་གཟུགས་བརྙན་བཟང་པོ་ཁྱོན་ཡོངས་ནས་མངོན་པར་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་ཀྲང་ཡུང་ལིན་དང་། ཀྲེང་ཝུའེ་གོ ཕེང་ཧྥེ་ཡུའེ། ཟླ་བ། ཧོའུ་ཅིང་ཧྭ་བཅས་ཚོགས་འདུར་ཞུགས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社