分享按钮

རང་གྲོང་གི་2023ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཁྲོད་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

(པར་ངོས་དང་པོར་མཐུད)ཁྱོན་ཡོངས་ནས་ཞིང་གསུམ་ཁྱབ་ཁོངས་ཀྱི་གནད་དོན་ལ་གཞིགས་པ་དང་། ལས་ཀ་ཞིབ་ཅིང་ཕྲ་བའི་སྒོ་ནས་བསྒྲུབས་ཏེ་གནད་དོན་གང་ཡང་མི་ཐོན་པར་བྱས་ཏེ་ལྟེ་བའི་གྲོང་ཁྱེར་གྱི་འགན་འཁྲི་ཏན་ཏིག་ཁུར་དགོས། བཅོས་སྒྲིག་ཇུས་གཞི་ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་བྱས་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཇུས་གཞིའི་ནང་གཏན་འབེབས་བྱས་པའི་དུས་ཚོད་ལྟར་གནད་དོན་བཅོས་སྒྲིག་ཏན་ཏིག་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཕྱོགས་བསྡུས་དམིགས་ཚད་དཔྱད་ཞིབ་ནང་སྔོན་ཐོན་གྱི་གྲས་སུ་ཚུད་པར་བརྩོན་ལེན་བྱ་ཆེད་ཞིང་གསུམ་གྱི་ཁྱབ་ཁོངས་སུ་ལེགས་སྐྱེས་འབུལ་དགོས།

གྲོང་སྤྱི་གཞོན་པ་བཀྲ་ཤིས་དཔལ་སྒྲོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ཡག་པོ་བྱས་ཏེ།ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་དབྱང་གིས་ཚུར་ལན་བྱས་པའི་གནད་དོན་བཅོས་སྒྲིག་ཡག་པོ་སྒྲུབ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་གནང་བ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ཁག་ལ་ཡན་ལག་ཚོགས་ར་བཙུགས་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-08 6 6 拉萨日报藏文 c184030.html 1 རང་གྲོང་གི་2023ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཁྲོད་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->