ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་གྲོང་གིས“མཐོ་རིམ་སློབ་འབྲིང་ཐོན་པའི་ལག་རྟགས་ཆེན་པོ”ཞེས་པའི་འཛད་སྤྱོད་ཁ་གསབ་སྲིད་ཇུས་བཏོན་ཏེ། མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མས་གྲངས་འཛིན་གློག་རྡུལ་གྱི་ཐོན་རྫས་ཉོ་བར་དེ་བས་སྟབས་བདེ་དང་ཕན་ཐོགས་ཆེ་བའི་འཕྲིན་གཏོང་ཞབས་ཞུ་མཁོ་འདོན་གང་ལེགས་བྱས་ཡོད་པ་རེད།
གསར་འགོད་པར་ཤིང་ཡུས་འཕྲིན་གཏོང་ཡོ་བྱད་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེར་ལག་ཐོགས་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་བློ་འདྲི་བྱེད་པར་ཡོང་མཁན་མཐོ་རིམ་སློབ་འབྲིང་ཐོན་པའི་སློབ་མ་དང་། དེ་བཞིན་སློབ་མའི་ཁྱིམ་བདག་མང་པོ་ཡོད་ཅིང་། ཀུང་སི་དེའི་ཕྱིར་འཚོང་བས་སྤྲོ་སེམས་འཁོལ་པོས་ཚང་མར་གློག་རྡུལ་ཐོན་རྫས་ཀྱི་རིགས་དང་། བཟོ་སྟངས། སྤུས་ཚད་སོགས་ངོ་སྤྲོད་བྱེད་བཞིན་ཡོད། གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་འཁོར་སྐྱོད་སྙོམས་སྒྲིག་ཁོའོ་ཡི་ཁོའོ་ཀྲང་ལུའུ་ཝུན་ཝུན་གྱིས་ཐེངས་འདིའི་ཆེད་དོན་འཛད་སྤྱོད་ཁ་གསབ་བྱེད་སྒོ་དེར་གྲོང་ཁུལ་གྱི་གྲངས་འཛིན་གློག་རྡུལ་ཐོན་རྫས་ཚོང་ཁང་75ཞུགས་ཡོད། གཙོ་བོ་རང་གྲོང་གི་ད་ལོའི་མཐོ་རྒྱུགས་ལ་ཞུཊ་པའི་སློབ་མར་དམིགས་པ་ཞིག་ཡིན། དེའི་ནང་ཞུགས་སྟངས་ནི་ཧ་ཅང་སྟབས་བདེ་ཡིན་པས་ཚང་མས་ཉམས་ལེན་བྱེད་ཆོག་ཅེས་བཤད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社