分享按钮

(པར་ངོས་གསུམ་པར་མཐུད)“ང་རང་ཏང་ནང་ཞུགས་ནས་ལོ་52ཕྱིན་ཡོད། ད་ལྟ་ལས་འཁྱུར་ངལ་གསོ་བྱས་ཟིན་མོད། འོན་ཀྱང་ངས་ལས་འཁྱུར་ངལ་གསོ་བྱས་ཀྱང་སྙིང་སྟོབས་མི་ཉམས་པ་དང་། ལས་གནས་ལས་ཁ་བྲལ་ཀྱང་ཏང་དང་ཁ་མི་བྲལ་བར་ལས་གནས་དཀྱུས་མའི་ཐོག་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཐོག་ནུས་པས་ལྕོགས་ཚོད་ཀྱི་ལས་ཀ་བྱས་ནས་ནམ་ཡང་ཏང་གི་རྗེས་སུ་འབྲང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། མི་དམངས་ལ་ལྷག་བསམ་རྣམ་དག་བཅས་བྱ་རྒྱུ་ཡིན་ཞེས་དར་རྒྱས་སྡེ་ཁུལ་གྱི་ཏང་ཡོན་བསོད་རྡོར་གྱིས་བཤད།

སླད་ཕྱིན་དར་རྒྱས་སྡེ་ཁུལ་གྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཏང་ཡོན་རྙིང་པ་དང་ཕུགས་འདུན་གཏོད་པའི་དང་བླངས་ཞབས་ཞུའི་རུ་ཁག་སྡེ་ཁུལ་བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་ཧུར་ཐག་བྱ་རྒྱུ་དང་། ཏང་ཡོན་གསར་པ་འཕེལ་རྒྱས་ཧུར་ཐག་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་མཐོ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

དོག་སྡེ་ཁྲོམ་གཞུང་དངུལ་པར་གྲོང་ཚོ།

ཟླ་7ཚེས་1ཉིན་དོག་སྡེ་ཁྲོམ་གཞུང་དངུལ་པར་གྲོང་ཚོས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་འབྲེལ་བྱས་ནས“གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོག་མའི་བསམ་འདུན་བསྐྱར་དྲན་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི“བདུན་པའི་ཚེས་གཅིག”ལ་རྟེན་འབྲེལ་ཞུ་བའི་གཙོ་དོན་བྱེད་སྒོ་སྤེལ་ཡོད།

དོག་སྡེ་ཁྲོམ་གཞུང་དངུལ་པར་གྲོང་ཚོའི་དྲིལ་བསྒྲགས་ཨུ་ཡོན་པ་སངས་བདེ་སྐྱིད་ཀྱིས་བདུན་པའི་ཚེས་གཅིག་གི་ཏང་འཛུགས་དུས་ཆེན་གྱི་ཉིན་མོར་ཏང་ཡོན་དངོས་སུ་གྱུར་བར་གཟི་བརྗིད་ལྡན་པ་ཞིག་རེད། ཏང་ཡོན་གསར་པ་ཞིག་ཡིན་པའི་ངོས་ནས་ངས་ཏང་ཡོན་གྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་སླད་ཕྱིན་གྱི་ལས་དོན་ཁྲོད་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཡོན་གྱི་དམིགས་ཡུལ་ལག་ལེན་བསྟར་བ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། ཁོང་ཚོའི་བསམ་འདུན་ཉན་པ། ཁོང་ཚོའི་འཚོ་བར་སེམས་ཁུར་བྱེད་པ། ཁོང་ཚོའི་དཀའ་ངལ་སེལ་གང་ཐུབ་བཅས་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་དོག་སྡེ་ཁྲོམ་གཞུང་དངུལ་པར་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་ཏང་ཡོན་གྱི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་ཕྱིན་ནས་དངུལ་པར་གྲོང་ཚོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཆེས་ཆེར་འགྲོ་རྒྱུར་བསམ་བློའི་རྨང་གཞི་དང་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བཏིང་ཡོད་པ་རེད།

(བྱམས་པ་ཚེ་རིང་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-04 6 6 拉萨日报藏文 c183740.html 1 /enpproperty-->