(པར་ངོས་དང་པོར་མཐུད)གནའ་བོའི་དར་གོས་ལམ་བུས་རླབས་ཆེའི་མི་རིགས་གཉིས་ཏེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་འགྲོ་འོང་དང་སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་བཅས་ལ་སྐུལ་མ་ཐེབས་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་དུས་རབས་ཀྱི་རླབས་རྒྱུན་དང་འཚམས་པ་ར་སྤྲོད་གང་ལེགས་བྱས་ཡོད།ལོ་11གོང་།ང་རང་གིས་ཧ་སག་སི་ཐན་དུ“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”ཞེས་པའི་གྲོས་འགོ་ཐེངས་དང་པོ་བཏོན་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་གོང་འཕེལ་དུས་མཚམས་གསར་པར་སླེབས་པར་བྱས་ཡོད།ང་ཚོས་ཕན་ཚུན་རྒྱབ་སྐྱོར་དང་། ཕྱར་བ་གྲུ་འདེགས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་མཐོ་ཚད་གསར་པ་བཏོད་པས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ནས་དུས་གཏན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་གོང་མཐོར་བཏང་བ་མ་ཟད། མི་རབས་ནས་མི་རབས་བར་མཛའ་མཐུན་དང་ཚད་མཐོའི་ཕན་ཚུན་ཡིད་ཆེས།སྐྱིད་སྡུག་མཉམ་མྱོང་བཅས་ཀྱི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་ཐུན་མོང་རེ་འདུན་གྲུབ་ཡོད།ང་ཚོས་གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་གོང་འཕེལ་བཏང་བས་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་བཏོད་པ་དང་། ཀྲུང་གོ་འདི་ཉིད་ཧ་སག་སི་ཐན་གྱི་ཉོ་ཚོང་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་དང་པོ་དང་ཕྱིར་གཏོང་བྱེད་སའི་རྒྱལ་ཁབ་ཆེ་ཤོས་དང་པོར་གྱུར་ཡོད།ང་ཚོས་ཕན་ཚུན་རོགས་རམ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པས་མི་ཆོས་རིག་གནས་སྤེལ་རེས་བྱེད་པའི་མཐོ་རླབས་གསར་པ་འཕྱུར་བ་དང་།ཕན་ཚུན་འཐུས་མཆན་འགོད་མི་དགོས་པ་བཟོས་པ་དེས་རྒྱལ་ཁབ་གཉིས་པོའི་མང་ཚོགས་གཉེན་ཉེ་ཐུག་འཕྲད་དུ་འགྲོ་བ་ལྟར་རྟག་ཏུ་འགྲོ་འོང་བྱེད་ཆོག ང་ཚོས་མཐུན་སྒྲིལ་རོཊ་ལས་དང་། འགྲན་རྩོད་མཉམ་དུ་བསུས་པས་རྒྱལ་སྤྱིའི་རོཊ་ལས་ཀྱི་ཕན་འབྲས་གསར་པ་ཐོན་པ་དང་། རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འཐབ་ཇུས་དང་། བདེ་འཇཊ། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་ཐུབ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་ལ་མདུན་ལམ་ཆེན་པོ་ལྡན་པ་མ་ཟད། གྲུབ་འབྲས་བཟང་པོ་ཐོབ་ངེས་རེད། ང་རང་ནས་ད་ཐེངས་ཀྱི་འཚམས་འདྲི་ཞུས་པ་བརྒྱུད། སྲིད་འཛིན་ཐུའོ་ཁ་ཡེ་ཧྥུ་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་དང་། ཕྱོགས་ཀུན་གྱི་མཉམ་ལས་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བའི་འབྱུང་འགྱུར་ཐད་བཀོད་སྒྲིག་གསར་པ་དང་འཆར་འགོད་གསར་པ་བྱས་ཏེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་དུས་གཏན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་ཡིན། དེ་ཡང་གཅིག་ནི། ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་སྲོལ་རྒྱུན་སྲ་བརྟན་གཏོང་བ་དང་། མུ་མཐུད་ལྷག་བསམ་རྣམ་དག་གི་ལྟ་སྟངས་འཛིན་པ་དང་ཡིད་རྟོན་ལྡན་པའི་འབྲེལ་འདྲིས་བྱེད་པ། ཕན་ཚུན་བར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་དབར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཕན་ཚུན་བརྩི་འཇོག་དང་། ཁྱིམ་མཚེས་མཛའ་མཐུན། ཕྱར་བ་གྲུ་འདེགས། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་པ་བྱེད་དགོས།
གཉིས་ནི། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ཐབས་མཆོག་དེ་བེད་སྤྱོད་ཡག་པོ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“གཞུང་དྲང་གི་ཧ་སག་སི་ཐན”ཞེས་པའི་དཔལ་འབྱོར་སྲིད་ཇུས་གཉིས་འབྲེལ་མཐུད་ཟབ་མོ་ཡོང་བར་གང་མགྱོགས་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྒུལ་ནུས་གསར་པ་དེ་བས་མང་བ་སྣོན་དགོས།
གསུམ་ནི། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ་དང་། སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ཏེ། ལུའུ་པན་བཟོ་ཁང་དང་ཁུང་ཙེ་སློབ་གླིང་མཉམ་གཉེར་ཡག་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེ་འཆང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་བྱ་གཞག་གྱི་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།
བཞི་ནི། ལོ་བརྒྱའི་འགྱུར་ལྡོག་མགྱོཊ་པོ་འགྲོ་བཞིན་པའི་དུས་འདིར། དོན་ངོ་མའི་ཕྱོཊ་མང་རིང་ལུཊ་ལག་ལེན་བསྟར་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་ཀྲུང་གོ་དང་ཧ་སག་སི་ཐན་གྱིས་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པ་བཅས་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ནས་ཧ་སག་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་གྲུབ་འབྲས་ཀྱིས་ཕྱུག་པའི་ལས་དོན་འབོར་ཆེན་བསྒྲུབས་པར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ཨ་སི་ཐ་ནའི་དབུ་ཚོགས་ཡིད་བཞིན་ལེགས་འགྲུབ་བྱུང་ནས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁྱིམ་ཚང་ཆེན་མོའི་སྟོབས་ཤུགས་སྔར་བས་གཅིག་ཏུ་འགྲིལ་ཐུབ་པ་དང་། མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།
(སྟོབས་རྒྱལ་དང་།ཨོ་ཚེ།བྱམས་ཚེ།ཉི་ཆོས།བྱང་ཆུབ་བཅས་ཀྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社