ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་བསྡུ་རུབ་དོ་དམ་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། 2024ལོའི་ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་ཀྱི་གཞི་གྲངས་ལེགས་སྒྲིག་ལས་དོན་ཟླ་7པར་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན།2024ལོའི་ཟླ་7ཚེས་1ཉིན་ནས་བཟུང་རང་གྲོང་གི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་ཚན་པ་ཁག་གིས་ལེགས་སྒྲིག་བྱས་རྗེས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་ཀྱི་གཞི་གྲངས་ལེགས་སྒྲིག་དང་ལག་བསྟར་བྱེད་དགོས་པ་དང་།འཇལ་སྤྲོད་ཀྱི་གཞི་གྲངས་ནི་2023ལོའི་ལས་བཟོ་བ་མི་སྒེར་གྱི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཡིན་པ་དང་ཞིབ་ཕྲའི་རྩིས་རྒྱག་སྟངས་ནི་ལས་བཟོ་བའི་2023ལོའི་ཟླ་1པ་ནས་ཟླ་12པའི་བར་སྤྲོད་དགོས་པའི་གླ་ཕོགས་ཀྱི་བསྡོམས་ཚད(ཟླ་བ་13པའི་གླ་ཕོགས་ཚུད་པ)དེ་12ཀྱིས་བགོ་དགོས་པ་རེད། ལས་ཀར་ཞུགས་མ་ཐག་པའི་ལས་བཟོ་བས་ཟླ་བ་གཉིས་པ་ནས་བཟུང་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་བྱེད་དགོས་ཀྱི་ཡོད། འཇལ་སྤྲོད་ཀྱི་གཞི་གྲངས་ནི་ཟླ་བ་གཉིས་པའི་གླ་ཕོགས་དེ་འཇལ་སྤྲོད་ཀྱི་གཞི་གྲངས་སུ་བརྩི་དགོས། ལེགས་སྒྲིག་བྱས་རྗེས་ཀྱི་འཇལ་སྤྲོད་གཞི་གྲངས་དེ་བསྡོམས་རྩིས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་2023ལོའི་ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ལས་གནས་སུ་ཡོད་པའི་ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་ཀྱི་ལྡབ་3ལས་བརྒལ་མི་ཆོག ལས་བཟོ་བའི་ཟླ་རེའི་ཆ་སྙོམས་གླ་ཕོགས་དེ(ལོ་རེའི་གླ་ཕོགས་ལམ་ལུགས་ལག་བསྟར་བྱེད་མཁན་ཡིན་ཚེ་ཟླ་རེ་བཞིན་བགོ་དགོས)གོང་གསལ་བཅད་གྲངས་ལས་བརྒལ་མེད་ན། ཟླ་རེའི་ཆ་སྙོམས་གླ་ཕོགས་དངོས་དེ་འཇལ་སྤྲོད་གཞི་གྲངས་སུ་བརྩི་རྒྱུ་དང་། གོང་གསལ་གྱི་བཅད་གྲངས་ལས་བརྒལ་ན། བཅད་གྲངས་དེ་འཇལ་སྤྲོད་གཞི་གྲངས་སུ་བརྩི་རྒྱུ་དང་། ལེགས་སྒྲིག་བྱས་རྗེས་ཀྱི་འཇལ་སྤྲོད་གཞི་གྲངས་དེ་སྒོར་2100(《རང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བསམ་འཆར》)ལས་དམའ་མི་རུང་།
གཏན་འབེབས་ལྟར་འཇལ་སྤྲོད་ཚན་པ་ཁག་དང་ལས་བཟོ་བའི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་བསྡུར་ཚད་ཀྱི་ཚད་གཞི་དམའ་ཤོས་སོ་སོར་བརྒྱ་ཆ་5དང་། མཐོ་ཤོས་སོ་སོར་བརྒྱ་ཆ་12ཡིན། འཇལ་སྤྲོད་སྡེ་ཚན་ཁག་གིས་རང་ངོས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་བརྒྱ་ཆ་5ནས་བརྒྱ་ཆ་12བར་གྱི་བར་མཚམས་ནང་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་ཀྱི་བསྡུར་ཚད་དེ་རང་ཉིད་ཀྱིས་གཏན་འཁེལ་བྱེད་དགོས། སྡེ་ཚན་གཅིག་གི་ལས་བཟོ་བའི་འཇལ་སྤྲོད་བསྡུར་ཚད་གཅིག་མཐུན་ཡིན་དགོས་པ་དང་། སྡེ་ཚན་གྱི་འཇལ་སྤྲོད་བསྡུར་ཚད་དང་ལས་བཟོ་བའི་འཇལ་སྤྲོད་ཀྱི་བསྡུར་ཚད་གཅིག་མཐུན་ཡིན་དགོས། འཇལ་སྤྲོད་ཚན་པ་ཁག་གི་ལས་གཉེར་པས་བོད་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་དྲ་ཐོག་ཞབས་ཞུའི་ཚོམས་ཆེན(https://zfgjj.zjt.xizang.gov.cn/netface/login.do)ནང་ཞུགས་ནས་འཇལ་སྤྲོད་གཞི་གྲངས་དང་འཇལ་སྤྲོད་བསྡུར་ཚད་ལེགས་སྒྲིག་བྱེད་པའི་ལས་སྒོ་གཉེར་དགོས་པ་དང་དྲ་ཐོག་ཞབས་ཞུའི་འཇལ་སྤྲོད་ཤར་གཏོང་ཐུབ་མེད་པའི་ཚན་པས།ལས་གཉེར་པ་ཐག་ཉེ་སའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་གཉེར་བའི་དངུལ་ཁང་གི་དྲ་ཚིགས་སམ་ཡང་ན་རིམ་པ་གསུམ་པའི་སྲིད་དོན་ཚོམས་ཆེན་གྱི་སྤྱི་གསོག་མ་དངུལ་གྱི་སྐར་ཁུང་དུ་བསྐྱོད་དེ་གཞི་གྲངས་ལེགས་སྒྲིག་གི་མ་དཔེ་དང《སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལོ་གོང་མའི་ཟླ་རེའི་ཆ་སྙོམས་གླ་ཕོགས་བསྡོམས་རྩིས་རེའུ་མིག》ཕབ་ལེན་བྱས་ནས་བླང་བྱ་གཞིར་བཟུང་ཚན་པ་དེ་གའི་ལས་བཟོའི་འཇལ་སྤྲོད་གཞི་གྲངས་ལེགས་སྒྲིག་ལས་དོན་སྤེལ་ཆོག་གི་ཡོད།
ལེགས་སྒྲིག་བྱས་རྗེས་ཀྱི་འཇལ་སྤྲོད་ཀྱི་གཞི་གྲངས་དང་འཇལ་སྤྲོད་ཀྱི་བསྡུར་ཚད་ལག་བསྟར་གྱི་དུས་ཡུན་ནི་2024ལོའི་ཟླ་7ཚེས་1ཉིན་ནས་2025ལོའི་ཟླ་6ཚེས་30ཉིན་བར་ཡིན་པ་དང་དུས་ཡུན་ལ་འགྱུར་ལྡོག་གཏོང་མི་ཆོག འཇལ་སྤྲོད་སྡེ་ཚན་ཁག་དང་འཇལ་སྤྲོད་བྱེད་མཁན་ཁག་གིས་ལས་སྒོ་སྒྲུབ་པའི་བརྒྱུད་རིམ་ནང་གནད་དོན་འཕྲད་ཚེ།ལྷ་ས་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ལ་ཁ་པར་བཏང་ནས་བློ་འདྲི་བྱེད་ཆོག་པ་དང་འབྲེལ་གཏུགས་ཀྱི་ཁ་པར་ཨང་གྲངས་ནི།08916341009དང་།6341062 6655589བཅས་ཡིན།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社