ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་2ཉིན་གྱི་ཕྱི་དྲོར་ལྷ་ས་གྲོང་ཁྱེར་གྱི་འབྲུབ་འགོག་ཐན་འགོག་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་འཚོགས་སྟེ། མིག་སྔའི་འབྲུབ་འགོག་ཐན་འགོག་གི་དུས་བབ་ལ་དབྱེ་ཞིབ་བྱས་ཤིང་།འབྲུབ་འགོག་ཐན་འགོག་གི་ལས་དོན་ཁག་ལ་བསྐྱར་དུ་བཀོད་སྒྲིག་བྱས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ། གྲོང་ཁྱེར་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་དང་པོ་དགྲ་འདུལ་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་ཉེ་དུས་ཀྱི་གནམ་གཤིས་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གྲོང་ཁྱེར་ཆུ་བེད་ཅུས་དང་གྲོང་ཁྱེར་དོ་དམ་ཅུས་སོགས་འབྲེལ་ཡོད་ཚན་པ་དང་། རྫོང(ཆུས)དང་ནུས་པའི་གླིང་ཁུལ་ཁག་གིས་མིག་སྔའི་དཀའ་གནད་དང་ཕྱིས་འབྱུང་གི་དོགས་ཟོན་བྱ་ཐབས་ཐད་སྤེལ་རེས་བྱས་ཡོད།
དགྲ་འདུལ་གྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་ཐན་འགོག་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཐོན་སྐྱེད་བདེ་འཇགས་ཐད་ཤུགས་སྣོན་རྒྱག་པ་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཐད་གཅིག་གྱུར་འཆར་འགོད་བྱེད་པ། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ། རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་འཁུར་སེམས་དང་བྱ་བ་ཡོད་ཚད་སེམས་ཀྱི་གཏིང་ལ་ཡོད་པའི་བྱ་སྤྱོད་ཀྱི་ནུས་པར་བརྟེན་ནས་འབྲུབ་འགོག་ཐན་འགོག་གི་ལས་དོན་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་འཁྲི་དམ་དུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ཐད་བླང་བྱ་ནན་དུ་གཏོང་བ་བཅས་བྱས་ཏེ། རིམ་པ་ཁག་དང་ཚན་པ་ཁག་གི་འབྲུབ་འགོག་ཐན་འགོག་གི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ནས་གོང་འོག་མཉམ་འགུལ་དང་མཉམ་སྒྲུབ་མཉམ་གཉེར་གྱི་མཉམ་ལས་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པ། ཉེན་ཁ་དང་མངོན་མེད་རྐྱེན་ངན་རང་འགུལ་ངང་བསལ་ནས་འབྲུབ་འགོག་ཐན་འགོག་གི་དམག་འཐབ་དྲག་པོ་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ། དྲིལ་བསྒྲགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་འགན་འཁུར་བར་འགན་འཁྲི་ནན་གྱིས་དཀྲི་བ། གྲོང་ཚོ་དང་དུད་ཁྱིམ་དུ་བསྐྱོད་དེ་མང་ཚོགས་ལ་འབྲུབ་འགོག་ཐན་འགོག་གི་ཤེས་བྱ་སྒྲོག་འགྲེལ་བྱེད་པ། མང་ཚོགས་ཀྱི་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ནས། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社