分享按钮

ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་ཐད་བཀོད་གཏོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་2ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་ཐད་བཀོད་གཏོང་གནང་བ་དང་། རྗེས་མའི་ལས་དོན་ལ་བཀོད་སྒྲིག་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག གྲོང་ཨུད་ཀྱི་ལས་དོན་བླང་བྱ་བཅས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཡིན་པའི”འདུ་ཤེས་འཆང་བ། ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། འགན་འཁྲི་ནན་གྱིས་དཀྲི་བ། འགན་འཁྲི་ནན་གྱིས་འཁུར་བའི་སྤྱོད་ཚུལ་དང་མྱུར་དུ་སྒྲུབ་པའི་སྤྱོད་ཚུལ་ལ་བརྟེན་པ་བཅས་བྱས་ཏེ། གཙོ་གནད་རྣམ་གྲངས་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་མ་ཟད། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་པར་འགྲུབ་རྒྱུར་འགན་ལེན་བྱེད་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ཞུས་ཧའེ་དང་། ལི་ཅང་ཤིན། ཀྲང་ཁྲུན་དབྱང་། བཀྲ་ཤིས་དཔལ་སྒྲོན། ལུའུ་ཚུང་ཧྥུའུ། ཀའོ་ཅུན། ལིའུ་ལིའང་བཅས་ཚོགས་འདུར་ཞུགས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་གཙོ་གནད་རྣམ་གྲངས་ཁག་ལ་སྐུལ་འདེད་གཏོང་ཚུལ་གྱི་སྙན་ཞུར་གསན་ནས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་ནི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་ཆེན་པོ་ཞིག་ཡིན་པས། རིམ་ཁག་སྡེ་ཚན་གྱིས་དམིགས་ཚད་དང་ལས་འགན་དམ་པོར་འཛིན་པ་དང་། གཅིག་གྱུར་འཆར་འགོད་དང་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རྣམ་གྲངས་ལ་ཅེར་ནས་ལྟ་བ་དང་། རྣམ་གྲངས་ལ་བསྐོར་ནས་འཇུག་པ། རྣམ་གྲངས་ལ་དམ་འཛིན་བྱས་ནས་སྒྲུབ་པ་བཅས་བྱེད་དགོས་པར་མ་ཟད། གཙོ་གནད་རྣམ་གྲངས་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-04 6 6 拉萨日报藏文 c183725.html 1 ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་འཚོགས་ནས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་ཚུལ་ཐད་བཀོད་གཏོང་གནང་བ། /enpproperty-->