ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་7པའི་ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་གཞོན་ནུ་ལོ་ཆུང་གི“གཞོན་ནུ་ལོ་ཆུང་མཉམ་སྐྱོད”ཅེས་པའི་སྤེལ་རེས་ཚོགས་པར་མངག་བཅོལ་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རེ་བ་ནི་མི་དམངས་ཀྱི་ཁྲོད་དུ་ཡོད་པ་དང་། རྨང་གཞི་ནི་དམངས་ཁྲོད་དུ་ཡོད་པ། འབྱུང་འགྱུར་ནི་གཞོན་ནུར་བརྟེན་དགོས་པ། གསོན་ཤུགས་ནི་ས་གནས་སུ་ཡོད་པ་བཅས་རེད། ཁྱེད་ཚོས་ད་ཐེངས་ཀྱི་འཚམས་འདྲི་བརྒྱུད། ཀྲུང་གོར་ཤེས་ཚོར་དང་མྱོང་རོལ། ཤེས་རྟོགས་བཅས་བྱེད་པ་དང་། ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་སྤེལ་རེས་བྱེད་པ། རོགས་པ་ཡག་པོ་དང་གྲོགས་པོ་ཡག་པོར་འགྱུར་བར་བྱེད་པ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་གྱི་མཛའ་བཤེས་ཟབ་པའི་འབྲེལ་ཟམ་དེ་བས་མང་བ་འཛུགས་པ་བཅས་བྱས་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་གཏིང་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ཨ་རིའི་གཞོན་ནུ་ལོ་ཆུང་གི“གཞོན་ནུ་ལོ་ཆུང་མཉམ་སྐྱོད”ཀྱི་སྤེལ་རེས་ཚོགས་པ་ནི་ཨ་རིའི་མངའ་སྡེ་7གྱི་སློབ་འབྲིང་14ཡི་དགེ་སློབ་ཀྱི་འཐུས་མི་190ཙམ་ལས་གྲུབ་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་གདན་ཞུ་དང་སྣེ་ལེན་ཞུས་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社