分享按钮

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་སྐབས།

དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས་ཞེས་ནན་གསུངས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་6ཚེས་27ཉིན་གྱི་ཕྱི་དྲོ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ནི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་གཅིག་གྱུར་སྣེ་ཁྲིད་བྱེད་པ་དང་། ཏང་གི་འཛུགས་སྐྱོང་ཁག་ཁ་ཕྱོགས་གཅིག་གི་ཕྱོགས་སུ་ཤུགས་འདོན་པ་དང་ཕྱོགས་བསྡུས་ཀྱིས་ཤུགས་འདོན་པའི་མ་ལག་ལས་གཞི་ཞིག་ཡིན་པས། ངེས་པར་དུ་ཏང་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་པ་གལ་ཆེན་དང་། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་རྩ་བའི་གཞི་འཛིན་སར་འཛིན་དགོས་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། མ་ལག་ལྡན་པའི་བསམ་གཞིགས་དང་ཚན་རིག་དང་མཐུན་པའི་བྱ་ཐབས་སྤྱད་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་ཉིད་ནང་དོན་ཡོངས་ལ་ཁྱབ་པ་དང་། དམིགས་ས་ཡོངས་ལ་ཁྱབ་པ། འགན་འཁྲིའི་སྦྲེལ་ཐག་ཡོངས་ལ་ཁྱབ་པ། ལམ་ལུགས་ཡོངས་སུ་ཤར་བགྲོད་ཐུབ་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱུ་རྐྱེན་གཙོ་བོ་ཆ་ཚང་བ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-30 ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་སྐབས། 6 6 拉萨日报藏文 c183641.html 1 དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས་ཞེས་ནན་གསུངས་གནང་བ། /enpproperty-->