分享按钮

ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པར་མ་ཟད།གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་6ཚེས་28ཉིན་གྱི་སྔ་དྲོ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དྲན་གསོའི་ཚོགས་ཆེན་ལ་ཕེབས་པར་མ་ཟད།འགོ་བརྗོད་དུ《ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་སྟེ་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་6ཚེས་28ཉིན་གྱི་སྔ་དྲོ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དྲན་གསོའི་ཚོགས་ཆེན་ལ་ཕེབས་པར་མ་ཟད།འགོ་བརྗོད་དུ《ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་སྟེ་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ།

ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ།ཟླ་6ཚེས་28ཉིན་གྱི་སྔ་དྲོ། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་གནང་བ་མ་ཟད། འགོ་བརྗོད་དུ《ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་སྟེ་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

དབྱར་ཟླ་འབྲིང་བའི་དུས་འདིར་གནམ་ངོ་དྭངས་ཤིང་སྤྲིན་དཀར་ཚོམས་བུས་ཁེངས། མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་གི་ཚོམས་ཆེན་བརྗིད་ཉམས་ཆེ་ཞིང་སྐུ་མགྲོན་གྱིས་བཞུགས་གྲལ་ཡོངས་སུ་ཁེངས།

སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ། 《ཞི་བདེ། ལས་དབང་གཅིག་མཐུན་ཚོགས་པ》ཞེས་པའི་རྔམ་བརྗིད་ལྡན་པའི་རོལ་དབྱངས་ཀྱི་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གསེར་མདོག་ཚོམས་ཆེན་དུ་ཕེབས་པ་རེད།

ཞི་ཅིན་ཕིང་གིས་དྲན་གསོའི་ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཁག་གི་སྲིད་འཛིན་མི་སྣ་གལ་ཆེན་དང་རེ་རེ་བཞིན་ཕྱག་བཏང་བ་དང་མཛའ་བརྩེའི་སྤེལ་རེས་གནང་བ་རེད།

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད།

ཞི་ཅིན་ཕིང་གིས། ཉེ་རབས་དང་དེང་རབས་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་། འཛམ་གླིང་ཞི་བདེ་དང་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། མིའི་རིགས་ཡོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གིས་འབད་འཐབ་ལྷོད་མེད་ངང་བསམ་གཞིགས་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་རེད། ལོ་ངོ་70ཡི་གོང་།མི་རིགས་རང་བཙན་དང་བཅིངས་འགྲོལ་ལས་འགུལ་གཅིག་རྗེས་གཉིས་མཐུད་ངང་ཐོན་པས། འཛམ་གླིང་གི་མི་སེར་སྤེལ་བའི་མ་ལག་རྩ་མེད་དུ་ཕྱིན་ཡོད། འཇམ་འཐབ་ཀྱི་སྤྲིན་ནག་ད་དུང་ཡལ་མེད་པ་དང“བཙན་དབང་སྤྱི་སྲོལ་ལ་བརྩི་བ”དེ་དེ་བས་ཧམ་ཤེད་ཆེ་རུ་ཕྱིན་པ། རང་བཙན་ཐོབ་མ་ཐག་པའི་རྒྱལ་ཁབ་གསར་པ་དག་གིས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་མི་རིགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ལྷག་ཏུ་འཆང་བཞིན་མཆིས། ཀྲུང་གོའི་འགོ་ཁྲིད་པས་བདག་དབང་དང་མངའ་ཁོངས་ཆ་ཚང་བར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བཙན་གནོད་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་ལྔ་ཐོག་མར་ཆ་ལག་ཚང་བའི་སྒོ་ནས་བཏོན་གནང་བར་མ་ཟད། ཀྲུང་གོ་དང་རྒྱ་གར་དང་། ཀྲུང་གོ་དང་འབར་མའི་མཉམ་འབྲེལ་གསལ་བསྒྲགས་ནང་བཅུག་ནས་རྩ་དོན་ལྔ་པོ་དེ་རྒྱལ་ཁབ་དབར་གྱི་འབྲེལ་བར་མཛུབ་སྟོན་བྱེད་པའི་གཞི་རྩའི་ཚད་གཞིར་གཏན་འཁེལ་བྱ་རྒྱུ་ཐུན་མོང་ཐོག་དར་སྤེལ་བཏང་ཡོད་ཅིང་། དེ་ནི་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་གསར་གཏོད་རླབས་པོ་ཆེ་ཞིག་ཏུ་གྱུར་པས་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད།

ལོ་ངོ་70ཡི་རིང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་ཡུལ་དུས་ལས་བརྒལ་བ་དང་འགལ་རྐྱེན་ལས་བརྒལ་བ། དུས་ཚོད་ག་ཚོད་ཀྱི་རིང་དུ་ཕྱིན་ཚེ་དེ་རྩིས་ཀྱིས་ལྡེམ་ཤུགས་ལྡན་པ། དུས་ཚོད་ག་ཚོད་ཀྱི་རིང་དུ་ཕྱིན་ཚེ་དེ་རྩིས་ཀྱིས་གསོན་ཤུགས་རྒྱས་པར་གྱུར་པ་དང་།སྒོ་དབྱེ་ཁོང་ཡངས་དང་ཡོངས་སུ་སྤྱོད་ཆོག་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དུ་གྱུར་ཏེ། རྒྱལ་སྤྱིའི་འབྲེལ་བ་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་ལོ་རྒྱུས་ཀྱི་གཞི་འཛིན་ས་བསྟན་པ་དང་། སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཀྱིས་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་བར་མཛུབ་སྟོན་ཡང་དག་བྱས་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་མཉམ་འབྲེལ་རང་ཚུགས་ལ་མཉམ་ཤུགས་ཆེན་པོ་གཅིག་ཏུ་འདུས་པ། རྒྱལ་སྤྱིའི་སྒྲིག་ལམ་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བར་ལོ་རྒྱུས་ཀྱི་བློ་གྲོས་སྐྱེས་སུ་ཕུལ་བ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-30 6 6 拉萨日报藏文 c183642.html 1 ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པར་མ་ཟད།གསུང་བཤད་གལ་ཆེན་ཡང་གནང་བ། /enpproperty-->