分享按钮

ཞི་ཅིན་ཕིང་དང་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མཱ་ཏུའུ་ལུའོ་ཡིས་ཕན་ཚུན་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ།ཟླ་6ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མཱ་ཏུའུ་ལུའོ་གཉིས་ཀྱིས་ཕན་ཚུན་གློག་འཕྲིན་བཏང་སྟེ།རྒྱལ་ཁབ་གཉིས་དབར་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ནི་ཕན་ཚུན་ཡིད་ཆེས་དང་མཉམ་དུ་འཕེལ་རྒྱས་འགྲོ་བའི་གྲོགས་པོ་བཟང་པོ་ཡིན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ཙམ་སོང་ཚུན། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་འགྱུར་ལྡོག་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་སྲ་བརྟན་གྱི་མཛའ་གྲོགས་ཆགས་ཡོད། ན་ནིང་གི་ཟླ་9པར་སྲིད་འཛིན་མཱ་ཏུའུ་ལུའོ་ཡིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ང་ཚོས་མཉམ་དུ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོར་འདེགས་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རབས་གསར་པར་སླེབས་པར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-30 6 6 拉萨日报藏文 c183640.html 1 ཞི་ཅིན་ཕིང་དང་ཝེ་ནེ་ཙུའེ་ལའི་སྲིད་འཛིན་མཱ་ཏུའུ་ལུའོ་ཡིས་ཕན་ཚུན་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ། /enpproperty-->