分享按钮

ཤའོ་ཡིའུ་ཚའེ་ཡིས་སྟག་རྩེ་ཆུས་སུ་ བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)མ་འཇོག་ཀྱི་ཕན་འབྲས་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་འཆར་འགོད་ཀྱི་ཇུས་གཞི་སྔར་བས་ལེགས་སུ་གཏོང་བ་དང་། དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་ཚན་རིག་ཁྱབ་གདལ་དང་། ཚན་རིག་ཞིབ་འཇུག སྤྲོ་གསེང་། བདེ་ཐང་ལུས་གསོ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྩི་ཤིང་ར་བ་གཏོད་རྒྱུར་ཤུགས་རྒྱག་དགོས་པའི་ནན་གསུངས་གནང་བ་རེད། གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་ནི་ཅང་སུའུ་ཞིང་ཆེན་གྱི་གཙོ་གནད་བོད་སྐྱོར་རྣམ་གྲངས་ཤིག་ཡིན་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་10བཏང་ཡོད། རྣམ་གྲངས་ཨར་ལས་བྱ་ཡུལ་དུ་སྐྱོད་སྐབས། ཤའོ་ཡིའུ་ཚའེ་ཡིས་རྣམ་གྲངས་ཨར་ལས་ཀྱི་འཕེལ་རིམ་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལས་ཡུན་ལྡོག་རྩིས་རྒྱག་པ་དང་དཔེ་རིས་བཀལ་ནས་ཨར་ལས་བྱས་ཏེ་ཚད་གཞི་དང་། དོ་དམ། ཆུ་ཚད་བཅས་རྩེ་གྲར་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་སྔ་ཙམ་ནས་བསྐྲུན་རྒྱུ་དང་། སྔ་ཙམ་ནས་སྤྱོད་རྒྱུ། སྔ་ཙམ་ནས་ཐོན་སྐྱེད་ཐུབ་པ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

གསེར་དངུལ་ལས་སྣོན་ཁྲོམ་ར་དང་རིག་ལྡན་ཁྱིམ་ཆས་ཐོན་ལས་གླིང་གི་རྣམ་གྲངས་ས་ཚིགས་སུ་ཤའོ་ཡིའུ་ཚའེ་ཡིས་རྣམ་གྲངས་ལ་སྐུལ་འདེད་བཏང་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་གི་རྩ་དོན་མཐའ་འཁྱོངས་དང་འཛུགས་སྐྲུན་གྱི་མ་གནས་ཚོད་འཛིན་ནན་པོ་བྱས་ཏེ་སྲིད་ཇུས་ལ་ཞིབ་འཇུག་དང་། གནས་སྤོའི་མཐིལ་རྟོགས། ལེ་ལག་འཐུས་ཚང་སོགས་ཀྱི་ལས་དོན་དུས་གཅིག་ཏུ་ཡག་པོ་བསྒྲུབས་ནས་རྣམ་གྲངས་ལེགས་གྲུབ་བྱུང་རྗེས་ཚོང་པ་ཡོང་ཐུབ་པ་དང་། གནས་ཐུབ་པ། འཕེལ་རྒྱས་ཡག་པོ་ཡོང་བ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

དེ་རྗེས་ཤའོ་ཡིའུ་ཚའེ་ཡིས་སྟག་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་ནས་གྲུབ་འབྲས་ལ་ཁས་ལེན་དང་འཚམས་འདྲི་གནང་ཞིང་། ཁོང་གིས་སྔར་བས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ་གཅིག་རྗེས་གཉིས་མཐུད་ཀྱིས་སྒྲུབ་པ་དང་འཐུས་ཚང་དུ་བཏང་ནས་ལས་དོན་ཁག་དོན་འཁྱོལ་ཡག་པོ་དང་ལེགས་འགྲུབ་ཏན་ཏིག་བྱེད་དགོས་པ་སྟེ།

ཏང་ལ་བློ་དཀར་སེམས་དཀར་མཐའ་གཅིག་ཏུ་བྱེད་དགོས། གྲོས་གཞི་དང་པོའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ལྷག་བསམ་རྣམ་དག་དེ་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཚོན་པར་བྱས་ནས་ལས་ཀར་ཁྱད་ཆོས་མངོན་པ་དང་། བཀྲག་མདངས་འཚེར་ས་གཏོད་པ། དཔེ་སྟོན་བཅས་བྱེད་དགོས། ཏན་ཏན་ཏིག་ཏིག་ངང་ལས་ཀའི་ནང་ཧུར་ཐག་ཞུགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་གསལ་འགྲེལ་བྱེད་དགོས།

སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིཊ་དང་མཐར་སོན་གྱི་བསམ་བློ་བརྟན་པོ་བཏང་ནས་ཁ་བྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་དགོས། བྱ་ཐབས་ཡག་པོ་སྤྱད་དེ་གཤེད་མ་དང་ནག་ཚོགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་མགོ་ཐོན་མ་ཐག་རྡུང་རྡེག་གཏོང་བ་དང་སྙིང་རྗེ་སྤུ་ཙམ་ཡང་མི་བྱེད་པར་ཞི་མཐུན་བདེ་འཇགས་དང་འཆམ་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་སྔར་བས་གཏོད་དགོས།

ཐོན་ལས་འཕེལ་རྒྱས་མགྱོཊ་སུ་གཏོང་དགོས། ས་ཁོངས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་གླིང་ཁུལ་འཛུགས་སྐྲུན་ཆེན་པོ་དང་གླིང་ཁུལ་ཆེན་པོ་བསྐྲུན་རྒྱུའི་བསམ་བཀོད་གཞིར་བཟུང་།ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་དང་། རིག་གནས་ཡུལ་སྐོར། བཟོ་ལས་སོགས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཁྱུ་ཚོགས་རྒྱ་སྟོབས་ཆེ་རུ་གཏོང་བ། གླིང་ཁུལ་གྱི་ཐེག་ནུས་དང་། ཡིད་དབང་འགུག་ཤུགས། ཤུགས་རྐྱེན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྩ་འཛུགས་སྟོབས་ལྡན་དང་། ཚན་ཁག་ལེགས་པོ། དཔུང་ཁག་ལེགས་པོ་བཅས་འཛུགས་སྐྱོང་ལ་འབད་བརྩོན་བྱས་ཏེ་ཏང་ཡོན་འཕེལ་རྒྱས་དང་ཚད་ལྡན་མིན་པའི་ཏང་ཡོན་ཐག་གཅོད་བྱེད་པའི་ལས་ཀ་ཡག་པོ་བྱས་ནས་གཞི་རིམ་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ལམ་ལུཊ་ལ་བརྟེན་ནས་མི་དང་བྱ་བར་དོ་དམ་བྱེད་པའི་ཕུཊ་ཕན་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་དུ་འཇུག་དགོས།

སྤྱོད་གཙང་གི་དཔེ་བཟང་བ་ཞིག་ཏུ་བརྩོན་ལེན་བྱེད་དགོས། དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོར་འཛུགས་པ་དང་། སྲིད་དོན་གཙང་སྐྱོང་གི་ཉེན་ཟོན་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་ཧུར་ཐག་བཏོད་དེ་ཏང་སྲོལ་སྲིད་གཙང་འཛུཊ་སྐྱོང་གི་ལས་དོན་དེ་གྲོང་ཁྱེར་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་གྱི་འགོ་ཁྲིད་ཀྲང་ཁྲུན་དབྱང་དང་། ཕན་ཝུན་ཆིང་། བློ་གསལ་བཅས་དང་། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་དང་། གྲོང་ཁྱེར་ཆུ་བེད་ཅུས། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་ནགས་རྩྭ་ཅུས། གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 6 6 拉萨日报藏文 c183414.html 1 ཤའོ་ཡིའུ་ཚའེ་ཡིས་སྟག་རྩེ་ཆུས་སུ་ བརྟག་ཞིབ་གནང་བ། /enpproperty-->