ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་། གྲོང་ཁྱེར་མི་སྤྱི་ཅུས། བོད་ལྗོངས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་སོགས་ཚན་པས་རང་གྲོང་དུ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་དངུལ་རྩའི་ཞབས་ཞུ་ལས་ཡུལ་དུ་སྒྲུབ་ཅེས་པའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར། རང་གྲོང་གི་གྲོང་དོན་གཞུང་ལམ་12ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་རིམ་སྤོར་ལས་གྲྭའི་ཨར་ལས་བྱ་ཡུལ་དུ་བྱེད་སྒོར་ཞུགས་མཁན་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་བོད་ལྗོངས་དངུལ་ཁང་གི་ལས་དོན་མི་སྣས་ཞིང་པ་ལས་མིའི་འཐུས་མིར་ཆུ་ཕོར་དང་། ཆར་གོས། ལག་ཤུབས་སོགས་འཚམས་འདྲིའི་དངོས་པོ་སྤྲད་དེ་ཚང་མས་སྤུས་ཚད་དམ་འཛིན་དང་། འཕེལ་རིམ་ལ་སྐུལ་འདེད་གཏོང་བ། བདེ་འཇགས་འགན་ལེན་བཅས་ཀྱི་ལས་གཅེས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་དང་འབྲེལ་ངེས་པར་དུ་བདེ་འཇགས་ཀྱི་འགོག་སྲུང་བྱ་ཐབས་ཡག་པོ་སྤེལ་དགོས་པའི་ཁ་ཏ་ཡང་བྱས་པ་རེད།
འཚམས་འདྲིའི་དངོས་པོ་རེ་རེ་དང་སེམས་ཁུར་བྱེད་པའི་སྐད་ཆ་རེ་རེས་འཐབ་ཕྱོགས་དང་པོའི་ངལ་རྩོལ་པར་ཏང་དང་སྲིད་གཞུང་གི་སེམས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་དང་ཁོང་ཚོའི་ལས་ཀའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད། ཚང་མས་བདེ་འཇགས་ཐོན་སྐྱེད་རྩ་བ་དམ་དུ་བཏང་ནས་སྔར་བས་ཕུན་སུམ་ཚོགས་པའི་བསམ་པའི་རྣམ་པའི་ཐོག་ནས་ལས་ཀའི་ནང་ཞུགས་ཏེ་ལས་ཀའི་མྱུར་ཚད་དང་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་ལས་གྲྭའི་འཛུགས་སྐྲུན་ལས་འགན་ལེགས་བསྒྲུབ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社