分享按钮

ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ གཙོ་སྐྱོང་གནང་ནས་འཚོགས་པ།

(པར་ངོས་དང་པོར་མཐུད)འཕྲལ་སྡོམ་དོ་དམ་ཆ་འཕྲིན་ཅན་དང་བློ་གྲོས་ཅན་གྱི་ལྟ་སྐུལ་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ཆུ་ཚད་མཐོ་བའི་བདེ་འཇགས་སྲུང་སྐྱོབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྣང་ཆེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད། ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ཐད་འཛིན་པའི་བྱེད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དངུལ་རྩའི་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་། དངུལ་རྩའི་ཆོས་ཉིད་ཚན་རིག་དང་མཐུན་པར་ཁོང་དུ་ཆུད་པ། དངུལ་རྩའི་ཡོ་བྱད་གནད་ལ་འཁེལ་བའི་སྒོ་ནས་བེད་སྤྱོད་བཅས་བྱས་ནས་དངུལ་རྩའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྣང་ཆེན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་དང་། མ་དངུལ་བཀོད་སྒྲིག་དང་མ་དངུལ་བསྡུ་སྒྲིལ་གྱི་གྲུབ་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ།“སྐལ་བཟང་མེ་ཏོག་བྱ་སྤྱོད”སྦྲེལ་མཐུད་ཧུར་ཐག་བཅས་བྱས་ཏེ་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་དང་། ཁྱད་ལྡན་ཐོན་ལས། ཚན་རྩལ་གསར་གཏོད་སོཊ་ཁྱབ་ཁོངས་སུ་ཚད་བརྒལ་གསར་པ་ཆགས་པར་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་ཉེན་ཁར་སྔོན་འགོག་ནུས་ལྡན་བྱས་ཏེ་མ་མཐའི་མཚམས་ཐིག་གི་བསམ་གཞིགས་བརྟན་པོ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ།ཕྱོགས་ཁག་གི་འགན་འཁྲི་སྲ་བརྟན་དུ་གཏོང་བ་དང་ལྟ་སྐུལ་དོ་དམ་གྱི་ལྷུ་ཚིགས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་ཁྲིམས་ལྟར་བུ་ལོན་འཇལ་བ་དང་ཁ་ཆད་ལྟར་བུ་ལོན་འཇལ་ནས་མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མ་མཐའི་མཚམས་ཐིག་བརྟན་པོར་སྲུང་དགོས་ཞེས་བསྟན་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཡང་ཞིབ་འཇུག་གནང་བ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 6 6 拉萨日报藏文 c183412.html 1 ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->