(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཉེན་ཟོན་སློབ་གསོའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པའི་ཉེན་ཟོན་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་དྲུང་ཆེ་ཧོའུ་ཅིང་ཧྭ་སོགས་བློ་མཐུན་གསུམ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་དམིགས་ནས་རིམ་པ་ལྟར་སྤེལ་རེས་གཏམ་བཤད་གནང་བ་རེད།
ཧོ་ཕུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཀྱི་ཏང་ཙུས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་པོའི་འགན་འཁྲི་དམ་དུ་བཏང་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོར་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཧོ་ཕུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཏང་ཡོན་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྲིད་དོན་གཙང་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་སྟེ་གྲོང་ཁྱེར་འདི་གའི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དཔེ་མཚོན་གྱོད་གཞིའི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ནས་ཆབ་སྲིད་དང་། དབང་ཆ། འགྲོ་འོང་། འཚོ་བ། གཉེན་ཉེའི་བརྩེ་དུང་བཅས་ཀྱི་འགག་སྒོ་ལྔ་མཐའ་གཅིག་ཏུ་སྲུང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་འགན་འཁྲི་སྒྲུབ་པ་དང་། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ལས་ཀའི་སྤྱོད་ཚུལ་ཡག་པོར་བརྟེན་ནས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་ལེན་ནན་ཏན་བྱས་ཏེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་ཁག་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་དང་ལག་བསྟར་ནུས་ལྡན་ཡོང་བར་འགན་ལེན་ཏན་ཏིག་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲེང་ཝུའེ་གོ་དང་། ཕེང་ཧྥེ་ཡུའེ། ཟླ་བ་བཅས་ཚོགས་འདུར་ཞུགས་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社