分享按钮

གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྱབ་ཁོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ལས་བྱེད་པ་རྒན་གྲས་ཅུད་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ཁྱབ་ཁོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱག་མཁན་གྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་གསོ་སྐྱོང་དང་མཐོ་རུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་པའི་ལས་བྱེད་པས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ལ་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།

དུས་འགོར་གྲོང་ཁྱེར་ལས་བྱེད་པ་རྒན་གྲས་ཅུད་ཀྱི་སྒྲིག་འཛུགས་འོག རང་གྲོང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཀྲི་པུའུ་ཁག་གིས་འཆད་ཁྲིད་ལ་ཉན་པ་དང་། དཔྱད་གཞིར་སློབ་སྦྱོང་། ལྟ་སྐོར་སློབ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། བགྲོ་གླེང་ཚོགས་འདུའི་ཐོག ལྷ་སར་བཅའ་སྡོད་རྫོང་ཁག(ཆུས)གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཀྲི་པུའུ་དང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གཅིག་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཀྲི་པུའུ་ཡི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ་10ཡིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དམིགས་ནས་བགྲོ་གླེང་དང་གཏམ་བཤད་གནང་བ་རེད། ཚང་མའི་གཏམ་བཤད་ཀྱི་བརྗོད་དོན་ཁ་གསལ་བ་དང་། ནང་དོན་ཞིབ་ཅིང་ཕྲ་བ། དོན་དངོས་དང་མཐུན་པ་བཅས་ཀྱི་ཐོག་ནས་རང་གྲོང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྱབ་ཁོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཐོབ་པའི་གྲུབ་འབྲས་རགས་ཙམ་མངོན་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 6 6 拉萨日报藏文 c183409.html 1 གྲོང་ཁྱེར་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཁྱབ་ཁོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་པ། /enpproperty-->