ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་ཚོ་ནི་ལྷུན་གྲུབ་རྫོང་གི་ལྟེ་གནས་སུ་གནས་ཤིང་། འགྲོ་འོང་མི་འབོར་མང་བ་དང་། ཚོང་ཁང་མང་བ། མི་འབོར་གྱི་གཞི་གྲངས་ཆེ་བ། བཅོས་སྐྱོང་དཀའ་བ་བཅས་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཚོ་དེས《དགའ་ལྡན་ཆོས་འཁོར་གྲོང་ཚོའི་ཉིན་རེའི་ཐུག་འཕྲད་ཚོགས་འདུའི་ལམ་ལུགས》དོན་འཁྱོལ་ཞིབ་ཕྲ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་རྒྱུན་ཏུ་དམ་འཛིན་དང་དོན་འཁྱོལ་ཞིབ་ཕྲ་བྱས་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རིམ་བཞིན་མཐོ་རུ་བཏང་བས། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་གྲོང་ཚོ་དང་ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
ཉིན་རེའི་ཐུག་འཕྲད་ཚོགས་འདུས་རྩ་འཛུགས་ཀྱི་ནུས་པ་དང་གོང་བུར་འགྲིལ་ཤུགས་མངོན་གྱི་ཡོད། གྲོང་ཚོའི་ཏང་ཨུད་ཧྲུའུ་ཅིས་དེ་རིང་ངས་ཁ་ས་འཚོགས་པའི་གྲོང་རྡལ་ཏང་ཨུད་ཀྱི(རྒྱ་ཆེ)ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཚོགས་འདུའི་ཐོག་གཞི་རིམ་བཅོས་སྐྱོང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་པར་དོན་དངོས་མི་འདང་བ་དང་། གནད་དོན་གྱི་འདུ་ཤེས་ཟབ་ཚད་མི་འདང་བ། ཉམས་མྱོང་ཕྱོགས་བསྡོམས་མི་འདང་བ་བཅས་ཀྱི་གནད་དོན་སོགས་བརྡ་ཁྱབ་བཏང་བ། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ཨུ་ཡོན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས་ཁ་སའི་ལས་ཀ་ལེགས་སྒྲུབ་བྱས་ཚུལ་དང་། འཕྲད་པའི་གནད་དོན། དེ་རིང་གི་ལས་ཀའི་འཆར་གཞི་། སང་ཉིན་བྱེད་རྩིས་ཡོད་པའི་ལས་ཀ་བཅས་ཁག་སོ་སོར་སྙན་སེང་མདོར་བསྡུས་ཞུས་ཡོད་ཅེས་བཤད། ཉེ་ཆར་གྲོང་ཚོ་ཏང་ཨུད་ཀྱི་ཧྲུའུ་ཅིས་གཙོ་སྐྱོང་གནང་བའི་ཉིན་རེའི་ཐུག་འཕྲད་ཚོགས་འདུ་དུས་ཐོག་ཏུ་འཚོགས་ནས་ཁ་སའི་ལས་ཀར་ཕྱིར་མིག་བལྟས་པ་དང་གནད་དོན་ཐག་གཅོད་བྱ་རྒྱུར་ཞིབ་འཇུག་བྱས་པ། དེ་རིང་གི་ལས་འགན་བཀོད་སྒྲིག་བྱས་པ། མང་ཚོགས་ཀྱིས་རེ་ཞུའི་སྐོར་བཤད་པ་བཅས་ནི་དགའ་ལྡན་ཆོས་འཁོར་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་དཔུང་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལོ་མང་རིང་གི་རྒྱུན་ལྡན་གྱི་ལས་ཀ་ཞིག་ཏུ་གྱུར་ཡོད། ཉིན་རེའི་ཐུག་འཕྲད་ཚོགས་འདུས་གྲོང་ཚོའི་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་པར་མ་ཟད། མང་ཚོགས་གྲོང་ཚོ་རིམ་པའི་ལས་དོན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ནས་གཞི་རིམ་བཅོས་སྐྱོང་དེ་ཁེར་རྐྱང་ནས་མཉམ་སྒྲུབ་ཆེན་པོར་གྱུར་བར་སྐུལ་འདེད་བཏང་བས། དོན་དག་ཡོད་ན་ལན་སྤྲོད་མགྱོགས་པ་དང་། གྲོས་བསྡུར་མགྱོགས་པ། མགྱོགས་མྱུར་ཇུས་འདོན། དོན་འཁྱོལ་མགྱོགས་པོ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་བཟོས་ནས་སྲིད་ཇུས་དྲིལ་བསྒྲགས་དང་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ལས་དོན་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད།
ཉིན་རེའི་ཐུག་འཕྲད་ཚོགས་འདུའི་ཐོག་འཐབ་འཛིང་གི་ནུས་པ་དང་ལག་བསྟར་ནུས་པ་ཐོན་པ། དེ་རིང་ངས་ཧྲུའུ་ཅི་གཞོན་པ་དང་སྡེ་ཚོགས་ཀྱི་ཧྲུའུ་ཅིའི་སྣེ་ཁྲིད་དེ་ཁོངས་གཏོགས་ཀྱི་གྲོང་མིའི་ཚོགས་ཆུང་དྲུག་ཏུ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་གནས་ཚུལ་ལ་ཤེས་རྟོགས་བྱེད་པར་བསྐྱོད་པ་ཡིན་ཞེས་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅིས་ཐུག་འཕྲད་ཚོགས་འདུའི་ཐོག་སྔོན་ལ་ལས་ཀའི་ལས་འགན་ངོས་འཛིན་བྱས་ནས་ལག་ལེན་ཁྲོད་རང་འགུལ་ངང་ལས་དོན་ལ་སྐུལ་འདེད་བཏང་བ་རེད། ཐོག་མཐའ་བར་གསུམ་དུ་ཉིན་རེའི་ལས་ཀར་ཉིན་རེར་གྲོས་མོལ་བྱེད་པ་དང་། ཉིན་རེར་ལེགས་སྒྲུབ་གཙང་མ་བྱེད་པའི་དོ་དམ་གྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། རང་དཔེ་གཞན་སྟོན་དང་སྔོན་ལ་དཔེ་སྟོན་བྱེད་པའི་སྣེ་ཁྲིད་ཀྱི་ཕན་ནུས་འདོན་སྤེལ་ལ་མཐོང་ཆེན་བྱས་ཏེ་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་དཔུང་ཁག་གི་ཁོངས་མི་དང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པ། ཞིང་འབྲོག་མང་ཚོགས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འདི་ལོ་ཁོ་ནར་གྲོང་ཚོའི་རྗེས་གྲབས་ལས་བྱེད་པ་24དང་གཞི་རིམ་གྱི་སྒྲོག་འགྲེལ་པ་6གསོ་སྐྱོང་བྱས་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་20ལྷག་ཙམ་ཤེས་རྟོགས་དང་མེད་པར་བཟོས་པ། རྩོད་གཞི་3ལ་གྲལ་བཤེར་དང་བསལ་བ། གྲོང་གསེབ་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་གི་སྤྱི་ཕན་བྱ་གཞག་གི་ནོར་སྲིད་བྱ་དགའ་དང་ཁ་གསབ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་50ལྷག་ཙམ་བརྩོན་ལེན་བྱས་པ་དང་། ཁོངས་གཏོགས་ཁུལ་དུ་ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགྲོ་ལམ་གྱི་གློག་སྒྲོན་105བསྒྲིགས་པ། སྤྱི་པའི་བྱེད་སྒོ་སྤེལ་ས་4ལ་ཞིག་གསོ་བྱས་པ། བཙོག་ཆུ་གཙང་སེལ་སྒྲིག་ཆས་ཆ་ཚང་1བསྒྲིགས་པ། ཕན་འབྲས་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་བྱེད་པ་དང་། བྱ་སྤྱོད་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལས་དོན་སྒྲུབ་མཁས་པར་བརྟེན་ནས་ཕན་འབྲས་དངོས་ཐོན་པའི་ཞིབ་ཕྲའི་བྱ་སྤྱོད་བཅས་ཀྱི་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་ཆེ་བ་ཚོར་ཐུབ་པར་བྱས་ཡོད་པ་རེད།
ཉིན་རེའི་ཐུག་འཕྲད་ཚོགས་འདུའི་ཐོག་གསར་གཏོད་ཀྱི་ནུས་པ་དང་འགན་སྲུང་ནུས་པ་ཐོན་པ། དེ་རིང་གི་ཚོགས་འདུ་ནི་ཐུག་འཕྲད་ཚོགས་འདུ་ཞིག་ཡིན། ཚང་མས་གསར་གཏོད་རང་བཞིན་གྱིས་གཞི་རིམ་བཅོས་སྐྱོང་གི་ལས་དོན་ཐད་གཏམ་བཤད་ལྷུག་པོ་དང་། རང་སོའི་ལྟ་ཚུལ་ཤོད་པ། ཐབས་འདོན་ཇུས་འབུལ་བཅས་བྱས་ཡོད་ཅེས་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅིིས་སྐད་ཆ་བཤད་མ་ཐག་ཚང་མས་ལྷག་པའི་གནད་དོན་དང་ལེགས་བཅོས་བྱེད་ཐབས་ཧུར་ཐག་བཏོན་ནས་དགའ་ལྡན་ཆོས་འཁོར་གྲོང་ཚོའི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་རྣམ་པ་སྔར་བས་སྣ་མང་ཅན་དུ་བསྒྱུར་བ་དང་། རྣམ་པ་གསར་པ་དེས་ཚད་བརྒལ་གསར་པ་དང་འཕེལ་རྒྱས་གསར་པར་སྐུལ་འདེད་གཏོང་ཐུབ་པ་བྱུང་ཡོད། ཚང་མས་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པ་དང་། དུས་ཡུན་ངེས་ཅན་ཞིག་ནང་འཚོལ་ཞིབ་དང་ལག་ལེན་བསྟར་བ་བརྒྱུད། མིག་སྔར། དགའ་ལྡན་ཆོས་འཁོར་གྲོང་ཚོས་རྫོང་ཡོངས་སུ་ཏང་འཛུགས་སྐྱོང་དང་སྡེ་ལས་ཟུང་འབྲེལ་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་དཔེ་མཚོན་གསར་པ་སྔོན་ལ་བཏོད་དེ་གྲོང་ཚོ་ཡོངས་དང་གྲོང་རྡལ་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་བཏང་བ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社