分享按钮

འཛད་སྤྱོད་ཁྲོམ་རའི་ཁོར་ཡུག་ལེགས་སུ་བཏང་སྟེ་འཛད་སྤྱོད་བྱེད་སེམས་ཆེ་རུ་བཏང་བ།

《ལྷ་སའི་སྲིད་དོན་བགྲོ་གླེང》དུས་ཐེངས་ 36པ་བསྟན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ནི་མང་ཚོགས་ཀྱིས་འཛད་སྤྱོད་བྱེད་ཕོད་པ་དང་འཛད་སྤྱོད་བྱེད་འདོད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན། འཛད་སྤྱོད་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། འཛད་སྤྱོད་བྱེད་སེམས་འཕེལ་བར་བྱེད་པ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་བས་ནུས་ལྡན་ངང་འདོན་སྤེལ་བཅས་བྱ་རྒྱུ་ནི་ཚོང་གཉེར་ཁོར་ཡུག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགན་ལེན་ནུས་ལྡན་ཞིག་རེད། ཟླ་6ཚེས་25ཉིན་གྱི་དགོང་མོའི་ཆུ་ཚོད་8པར《ལྷ་སའི་སྲིད་དོན་བགྲོ་གླེང》ཞེས་པའི་ལེ་ཚན་དུས་ཐེངས་36པའི་ནང་འཛད་སྤྱོད་ཁྲོམ་ར་ལེགས་སུ་གཏོང་བ་དང་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་དྲ་ཐོག་ནས་ཐད་གཏོང་བྱས་པ་རེད། ད་ཐེངས་ཀྱི་ལེ་ཚན་ལ་དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་12.5ཟིན་པ་དང་བསྟོད་བསྔགས་ཐོབ་ཚད་ཁྲི་16.2ཟིན་ཡོད།

ལེ་ཚན་གྱི་ཡུལ་དངོས་སུ་བརྟག་དཔྱད་བརྙན་ཐུང་བསྟན་པ་བརྒྱུད།ཡུལ་སྐོར་ལས་དོན་ཁང་གི་ཐོབ་ཐང་རྐུ་ཤོར་བ་དང་སྔོན་སྤྲོད་གཱ་ཡི་འཛད་སྤྱོད་ཐད་རྩོད་གཞི་ཡང་ཡང་ཐོན་པ་སོགས་ཀྱི་གནད་དོན་དམར་རྗེན་བཏོན་ཡོད་པ་རེད། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་དང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད། གྲོང་ཁྱེར་ཚོང་དོན་ཅུད། གྲོང་ཁྱེར་ལུས་རྩལ་ཅུད། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད། ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྲིད་དོན་འདྲི་རྩད་ཚན་པའི་འགན་འཁུར་བློ་མཐུན་གྱིས་དམར་འདོན་བྱས་པའི་གནད་དོན་ལ་ཡུལ་དངོས་སུ་ལན་བཏབ་པ་དང་འབྲེལ་བཅོས་སྒྲིག་བྱ་རྒྱུ་ཡིན་པ་ཁས་བླངས་ནས་མང་ཚོགས་ཀྱི་དགོས་མཁོར་དོ་སྣང་དང་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པོ་བྱས་ཏེ། ལས་ཀའི་ཁྲོད་ཀྱི་ཆད་ལུས་བྱུང་བའི་གནས་ཚུལ་ལ་ཞིབ་བཤེར་དང་་ཁ་གསབ་བྱེད་པ་དང་། ལག་བསྟར་བྱེད་ཐུབ་པའི་ཞིབ་ཕྲའི་ཇུས་གཞི་བཏོན་ཏེ་ཚན་པ་མང་པོ་མཉམ་འགུལ་ཐོག་ཁྲིམས་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ནས་བཅོས་སྒྲིག་གི་མཉམ་ཤུགས་ཤིག་ཆཊ་སུ་འཇུག་རྒྱུ་དང་། ལམ་ལུགས་འཛུགས་སྐྱོང་འཐུས་ཚང་དུ་གཏོང་རྒྱུ། ལྟ་སྐུལ་དོ་དམ་གྱི་སྟོང་ཆ་ཁ་སྐོང་བཅས་བྱས་ཏེ་དེ་བས་བདེ་འཇགས་དང་བློ་བདེ་བའི་འཛད་སྤྱོད་ཁོར་ཡུག་ཅིག་བཏོད་རྒྱུ་དང་།ཚོང་གཉེར་ཁོར་ཡུག་ལེཊ་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད། 《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་ཚོགས་ཆུང་གིས་དྲ་གྲོགས་དང་ལྟད་མོ་བ་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོར་དབྱེ་ཞིབ་བྱས་ནས་གནད་དོན་གྱི་ཞིབ་ཐོ་བཟོས་ཏེ་འབྲེལ་ཡོད་ཚན་པར་འབུལ་རྒྱུ་དང་འབྲེལ་མུ་མཐུད་དེ་རྗེས་སྙེགས་གནས་ཚུལ་སྤེལ་ནས་དུས་ཐོག་ཏུ་སྤྱི་ཚོགས་ལ་བཅོས་སྒྲིག་བྱས་ཚུལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ལེ་ཚན་ནང་ཞུགས་པ་དང་།གྲོང་ཨུད་སྤྱོད་ཚུལ་གཞུང་ལས་ཁང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་ཡང་ལེ་ཚན་ནང་ཞུགས་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 ཝང་ཧུའེ་ལེ་ཚན་ནང་ཞུགས་པ། 《ལྷ་སའི་སྲིད་དོན་བགྲོ་གླེང》དུས་ཐེངས་ 36པ་བསྟན་པ། 6 6 拉萨日报藏文 c183406.html 1 འཛད་སྤྱོད་ཁྲོམ་རའི་ཁོར་ཡུག་ལེགས་སུ་བཏང་སྟེ་འཛད་སྤྱོད་བྱེད་སེམས་ཆེ་རུ་བཏང་བ། /enpproperty-->