ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་26ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་རྒྱུན་ཨུ་དང་།འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་གྱིས་ཏང་གི་སྒྲིག་ཁྲིམས་ཆེན་པོ་དྲུག་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་སེམས་ལ་དམ་པོར་ངེས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ནོར་འཁྲུལ་བཅོས་སྒྲིག་བྱེད་ཅེས་པ་གཙོ་དོན་དུ་བྱས་ནས་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཆེད་དོན་ཏང་གི་སློབ་ཚན་འཁྲིད་གནང་བ་རེད།
སློབ་ཁྲིད་གནང་རིང་། སྐལ་བཟང་ཚེ་བརྟན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་གི་སྒྲིག་ཁྲིམས་ཆེན་པོ་དྲུག་ལ་དམ་པོར་དམིགས་ནས་ཞལ་གྱེས་ཡི་གེ་གསུམ་གྱིས་ཆབ་སྲིད་ཀྱི་དད་མོས་བརྟན་པོ་དང་།ཏང་ལ་ངོ་ལོག་གཏན་ནས་མི་བྱེད་པ་མངོན་པར་བྱེད་པ་དང་། དཔའ་བོ་རྒན་གྲས་ཀྲང་ཧྥུ་ཆིང་གིས་རྩ་འཛུགས་ལ་སྦ་གསང་གང་ཡང་མི་བྱེད་པ། ཧུའུ་ནན་རུའུ་ཁྲེང་རྫོང་ཧྲ་ཀྲོའུ་གྲོང་ཚོའི་ཉལ་ཆས་ཕྱེད་ཀའི་གཏམ་རྒྱུད་སོགས་བརྒྱུད་ནས་གསར་བརྗེའི་མེས་པོའི་བྱས་རྗེས་དང་ལས་བྱེད་པའི་ཉེ་འགྲམ་དུ་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་ལ་གསལ་འགྲེལ་བྱས་ཏེ།ཏང་ཡོན་ལས་བྱེད་པར་སེམས་འགུལ་ཐེབས་པ་དང་རྨོངས་གཉིད་ལས་སད་དུ་བཅུག་པ་རེད།
སྐལ་བཟང་ཚེ་བརྟན་གྱིས་སྒྲིག་ལམ་མེད་ན་ལས་དོན་ཡག་པོ་བསྒྲུབ་མི་ཐུབ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པས་ད་ཐེངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་བརྟན་པོར་ངེས་པ། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཐད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སྒྲིག་ཁྲིམས་བླང་བྱ་ཤེས་རྟོགས་གཏིང་ཟབ་དང་ཁོང་དུ་ཆུད་པ་དང་། དམའ་མཐའི་མཚམས་ཐིག་བརྟན་པོར་སྲུང་བ། ཉེན་ཁར་ལག་པ་མི་འཆང་བ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་ནས་ཏང་གི་སྒྲིག་ཁྲིམས་སེམས་ལ་བརྟན་པོར་ངེས་ཏེ། ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ནོར་འཁྲུལ་བཅོས་སྒྲིག་བྱེད་དགོས་པ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲི་དང་ལས་འགན་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ལྷ་སའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་དགོས་པའི་ནན་གསུངས་གནང་བ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社