ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་27ཉིན་གྱི་སྔ་དྲོར། ཀྲུང་གོའི(ལྷ་ས)རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱིར་གཏོང་གི་ཕྱི་རྒྱལ་ད་ཡོད་པའི་མཛོད་ཁང(9810)གི་ལས་སྒོ་ཐོག་མ་གཉེར་བའི་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་མ་འཇོག་ཟོག་འགྲེམས་གླིང་དུ་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་ཕན་ཝུན་ཆིང་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཕན་ཝུན་ཆིང་གིས་ལྷ་སའི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱིར་གཏོང་གི་ཕྱི་རྒྱལ་གྱི་མཛོད(9810)ཡི་ལས་སྒོ་ཐོག་མ་གཉེར་བའི་མཛད་སྒོ་འཚོགས་པ་དང་།དེའི་ཐོག་ནས་ལྷ་ས་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ནས་བོད་ཀྱི་ལས་སྒོ་ཐོག་མ་9810དང་།ཕྱི་རྒྱལ་གྱི་མཛོད། ལྷ་སའི་ཕྱི་ཕྱོགས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་ཆེའི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཁེ་ལས་ལྷ་སར་མ་འཇོག་དང་ལས་གཉེར་བྱེད་པར་དགའ་བསུ་ཞུ་རྒྱུ་དང་། ས་གནས་དེ་གའི་ཁེ་ལས་དེ་བས་མང་བས་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་སྟངས་གསར་པ་དང་། ཉེར་སྤྱོད་རྣམ་པ་གསར་པ། ཐོན་ལས་རིགས་སྒྱུར་ཐབས་ལམ་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ཏེ།རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ལས་རིགས་གསར་པ་དེ་སྐས་རིམ་གསར་པར་སླེབས་རྒྱུར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社