分享按钮

(པར་ངོས་དང་པོར་མཐུད)ཚོགས་འདུའི་ཐོག་བསྟན་དོན།སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ཏེ་གཤམ་གསལ་གྱི་རྩ་དོན་ལག་བསྟར་བྱེད་དགོས་པ་སྟེ།ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་།ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བརྟན་པོ་བྱེད་པ།ཏང་གིས་ཁྱོན་ཡོངས་ལ་ཕྱོགས་ཡོངས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པ།ཏང་གི་འགོ་ཁྲིད་དག་སྒྱུར་བཅོས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཏེ།སྒྱུར་བཅོས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དེད་ནས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ།མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་།མི་དམངས་ཀྱི་གཙོ་བོའི་གོ་གནས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ།མི་དམངས་ཀྱི་འབོད་སྒྲ་བཞིན་སྒྱུར་བཅོས་མཐའ་འཁྱོངས་བཅས་བྱས་ཏེ་སྒྱུར་བཅོས་མི་དམངས་ཀྱི་ཆེད་དུ་དང་།སྒྱུར་བཅོས་མི་དམངས་ལ་བརྟེན་པ།སྒྱུར་བཅོས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བཅས་བྱེད་དགོས།གཞུང་འཁྱོངས་གསར་གཏོད་མཐའ་འཁྱོངས་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཡོ་འགུལ་མེད་པར་མཐའ་འཁྱོངས་བྱེད་པ།དུས་རབས་ཀྱི་གོམ་སྟབས་དང་བསྟུན་པ།ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ།གནད་དོན་གྱི་ཁྲིད་སྟོན་མངོན་གསལ་དོད་པོ་བཅས་ཀྱི་སྒོ་ནས་འགོ་འཛུགས་ས་གསར་པའི་ཐོག་ནས་རིགས་པའི་གཞུང་ལུགས་གསར་གཏོད་དང་།ལག་ལེན་གསར་གཏོད།ལམ་ལུགས་གསར་གཏོད།རིག་གནས་གསར་གཏོད།ཕྱོགས་གཞན་དག་གི་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་དགོས།ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་།རྩེ་རིམ་ཇུས་འགོད་དང་སྤྱིའི་འཆར་འགོད་ལ་ཤུགས་སྣོན་རྒྱག་པ།འཛུགས་སྒྲོལ་མཉམ་སྤེལ་དང་།སྔོན་ལ་འཛུགས་པ་དང་རྗེས་སུ་འགག་སྒྲོལ།རྩ་བའི་ལམ་ལུགས་བརྟན་པོར་འཛུགས་པ།གཞི་རྩའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།ལམ་ལུགས་གལ་ཆེན་གསར་གཏོད་བཅས་བྱེད་དགོས།ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་དང་།ཁྲིམས་སྐྱོང་གི་ལམ་བུའི་ཐོག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་སྒྱུར་བཅོས་དང་ཁྲིམས་སྐྱོང་གཅིག་གྱུར་ཡོང་བར་བྱས་ཏེ་སྒྱུར་བཅོས་གལ་ཆེན་བཅའ་ཁྲིམས་ལ་གཞི་འཛིན་ས་ཡོད་པ་དང་།སྒྱུར་བཅོས་ཀྱི་གྲུབ་འབྲས་དུས་ཐོག་ཏུ་བཅའ་ཁྲིམས་ལམ་ལུགས་སུ་འགྱུར་བ་བཅས་བྱེད་དགོས།མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས།སྲིད་གཞུང་དང་ཁྲོམ་ར།ལས་ཆོད་དང་དྲང་གཞག གསོན་ཤུགས་དང་སྒྲིག་ལམ།འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བྱས་ཏེ་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་།ཁྱོན་ཡོངས་རང་བཞིན།མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན།ཏང་གི་འགོ་ཁྲིད་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད།ངེས་པར་དུ་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་།ཏང་གི་རང་ཉིད་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་དང་།སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས།གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ཡག་པོ་བྱས་ཏེ་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས།

ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཡང་ཞིབ་འཇུག་བྱས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 6 6 拉萨日报藏文 c183403.html 1 /enpproperty-->