(པར་ངོས་དང་པོར་མཐུད)ཕ་ཡུལ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ནས་ཡིན་པའི་ལྷག་པ་བསྟན་འཛིན་སློབ་ཆེན་ཐོན་རྗེས།ཧྲང་ཧའེ་ཡི་དར་སྲོལ་ཚོང་ཁང་ཞིག་ཏུ་ལས་ཀ་བྱས་ནས་སློབ་སྦྱོང་བྱེད་མྱོང་ཡོད།ཁོང་གིས་ཚོང་ཁང་ནང་ལས་སྒོ་མང་པོ་ཡོད་ཅིང་།དར་སྲོལ་གྱི་གྱོན་ཆས་དང་ཀོག་ཧྥེ་བཟོ་སྟངས་སོཊ་སྦྱངས་མྱོང་ཡོད་ཅེས་བཤད།ན་ནིང་ཟླ་3པར་ཁོང་ལྷ་སར་ལོག་ནས་ཀོག་ཧྥེའི་སྤུས་རྟགས་ཀྱི་མཚོན་རྟཊ་ཇུས་འགོད་བྱས་པ་རེད།གསར་གཏོད་དེ་ལས་གླིང་སྣེ་གསུམ་པའི་དམངས་ཀྱི་ལས་གཏོད་ཁུལ་དུ་ཀོག་ཧྥེ་ཁང་ཞིག་གྲུབ་འབྲས་ཐོབ་པའི་ངང་བཙུགས་ཡོད།
ལྷག་པ་བསྟན་འཛིན་གྱིས་ལས་གཉེར་བྱས་ནས་ལོ་གཅིག་སོང་རྗེས་ལས་གཉེར་གྱི་ཡོང་འབབ་སྒོར་ཁྲི་80ལྷག་ཙམ་ཟིན་གྱི་ཡོད།ཀོག་ཧྥེ་ཁང་དེའང་བྱ་གཞག་གསར་གཏོད་པའི་སྤེལ་རེས་ཀྱི་སྟེགས་བུ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།2018ལོར་ལས་འགོ་ཚུགས་ཚུན།ལྷ་ས་གྲོང་ཁྱེར་གླིང་སྣེ་གསུམ་པའི་དམངས་ཀྱི་ལས་གཏོད་ཁུལ་གྱིས་ལས་གཏོད་ཁེ་ལས་134གྲུབ་འབྲས་ཐོབ་པའི་ངང་གསོ་སྐྱོང་བྱས་ཡོད།ཞིང་ཞོར་ཁྱད་ལྡན་ཐོན་རྫས་དང་རིག་གནས་གསར་གཏོད་སྤུས་རྟགས།བཟའ་བཏུང་ཀོག་ཧྥེ་སོགས་སློབ་ཆེན་སློབ་མ་ཚོས་ཚོང་ལས་འདུ་ཤེས་དེ་བོད་ཀྱི་ཁྱད་ཆོས་དང་འཛད་སྤྱོད་ཀྱི་དགོས་མཁོ་དང་མཉམ་འདྲེས་དམ་ཟབ་བྱས་ནས་གསར་གཏོད་ལས་གཏོད་བྱེད་བཞིན་ཡོད།
ནོར་ལྷས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་སློབ་ཆེན་སློབ་མ་དེ་བས་མང་བའི་ཁྲོད་ཕུགས་འདུན་མངོན་འགྱུར་བྱུང་ཡོད།ལོ་གཉིས་རིང་མི་དེ་བས་མང་བས་ང་ལ་ལས་གཏོད་ཀྱི་གནས་ཚུལ་ཞིབ་ཕྲ་འདྲི་རྩད་བྱེད་ཀྱི་ཡོད།བསམ་ཚུལ་ཞིབ་ཕྲ་ཡོད་ན་ང་ཚོས་མཉམ་དུ་རྣམ་གྲངས་ལག་བསྟར་གྱི་བྱེད་འཐུས་རང་བཞིན་ལ་ཞིབ་འཇུག་བྱ་རྒྱུ་ཡིན།སྲིད་གཞུང་གིས་ཐོག་མའི་ལས་གཏོད་ཀྱི་དུས་སུ་ངར་རོགས་རམ་མང་པོ་བྱས་ཏེ་སློབ་ཆེན་སློབ་མའི་ལས་གཏོད་འགོ་ཚུགས་མ་དངུལ་སྒོར་ཁྲི་6དང་སློབ་ཆེན་སློབ་མའི་ལས་གཏོད་སྐྱེད་ཀ་མི་དགོས་པའི་དངུལ་བུན་སྒོར་ཁྲི་30བཏང་བས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དེའང་ངའི་ཕུགས་འདུན་གཙོ་བོ་ཞིག་ཡིན་ཞེས་ངོ་སྤྲོད་བྱས།(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་27ཉིན་འབྱོར་བའི་གློག་འཕྲིན)
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社