分享按钮

ཤའོ་ཡིའུ་ཚའེ་ཡིས་སྟག་རྩེ་ཆུས་སུ་བརྟག་ཞིབ་གནང་བ།

ཚུལ་ཁྲིམས་རྒྱ་མཚོ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ།

པར་འདི་ནི་ཤའོ་ཡིའུ་ཚའེ་ཡིས་མཚོ་བོད་ས་མཐོའི་རྩི་ཤིང་ལྡུམ་རའི་རྣམ་གྲངས་ཀྱི་ས་ཆ་འདེམས་ཚུལ་ལ་ཡུལ་དངོས་སུ་གཟིགས་ཞིབ་དང་འཆར་འགོད་ལས་དོན་གྱི་སྙན་ཞུར་གསན་བཞིན་པའི་གནས་ཚུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཁྱེར་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་སྟག་རྩེ་ཆུས་ཡེར་པ་གྲོང་ཚོ་དང་བསམ་གྲུབ་གླིང་གྲོང་ཚོར་ཕེབས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་འབད་བརྩོན་བྱེད་པའི་ཁ་ཕྱོགས་གསལ་སྟོན་གྱིས་ཚུགས་གནས་དེ་བས་མཐོ་བ་དང་། ཤུགས་ཚད་དེ་བས་ཆེ་བ། བྱ་ཐབས་དེ་བས་དོན་དངོས་བཅས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།

ལྗོངས་ནགས་ལས་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཚུལ་ཁྲིམས་རྒྱ་མཚོ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

ཡེར་པ་གྲོང་ཚོར་འབྱོར་སྐབས། ཤའོ་ཡིའུ་ཚའེ་ཡིས་མཚོ་བོད་ས་མཐོའི་རྩི་ཤིང་ལྡུམ་རའི་རྣམ་གྲངས་ཀྱི་ས་ཆ་འདེམས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་དང་འཆར་འགོད་ལས་དོན་གྱི་སྙན་ཞུར་གསན་ཞིང་། ཁོང་གིས་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་དང་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ས་ཁོངས་འཕེལ་རྒྱས་དང་། ས་ཆ་བེད་སྤྱོད། (པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-29 ཚུལ་ཁྲིམས་རྒྱ་མཚོ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ། 6 6 拉萨日报藏文 c183398.html 1 ཤའོ་ཡིའུ་ཚའེ་ཡིས་སྟག་རྩེ་ཆུས་སུ་བརྟག་ཞིབ་གནང་བ། /enpproperty-->