ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་27ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་རྒྱུའི་འགན་འཁྲི་བདའ་འདེད་གཏན་འབེབས(ཚོད་ལྟ)》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་རྒྱལ་ཁབ་བདེ་འཇགས་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུ་ནི་གྲོང་ཁྱེར་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་དང་ནུས་པ་འཛུགས་སྐྱོང་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་དང་དཔེ་སྟོན་ལ་དཔྱད་ཞིབ་མ་ལག་འཛུགས་པ་དང་། གཙོ་གནད་ལས་འགན་ཞིབ་ཚགས་སུ་གཏོང་བ། ལག་རྩལ་གྱི་འདེགས་སྐྱོར་ཤུགས་ཆེར་གཏོང་བ། ལས་ཀའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་ཕྱོགས་གཅིག་གི་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་ཕྱོགས་དེའི་བདེ་འཇགས་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། འབྱུང་ཁུངས་སྔོན་འགོག་དང་སྔོན་ཇུས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁར་སྔོན་འགོག་དང་སེལ་བའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གནོད་འཚེའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་། ཉེན་ཁར་ཐོག་མའི་དབྱེ་འབྱེད་དང་སྔོན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏོང་དགོས། སྣ་མང་མཉམ་སྐྱོང་མངོན་གསལ་དོད་དུ་གཏོང་བ་དང་། མཉམ་འཛིན་སྤྱི་སྒྲུབ་བྱས་ཏེ་སྤྱི་དམངས་ཀྱི་བདེ་འཇཊ་སློབ་གསོའི་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས་ཉེན་ཁར་བརྟག་དཔྱད་བྱ་རྒྱུ་རྒྱུན་ལྡན་ཅན་དང་། འཕྲལ་སྡོམ་ནང་སྦྱོང་རྒྱུན་ལྡན་ཅན། མངོན་མེད་རྐྱེན་ངན་བཅོས་སྒྲིག་དུས་ཐོག་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་འགན་འཁྲི་ལག་བསྟར་ནན་པོ་བྱས་ཏེ་དོ་དམ་གསུམ་དང་ངེས་པར་དུ་གསུམ་གྱི་རྩ་དོན་དོན་འཁྱོལ་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་དང་དངོས་ཟོག་གྲབས་གསོག་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社